དབུ་ཤོག>ཆེད་སྒྲིག
  • རིག་གནས་དང་ཐོན་ལས་ཕན་ཚུན་གཞོགས་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-24

    ནག་ཆུ་གྲོང་ཁྱེར་འདི་ཉིད་བོད་ཀྱི་བྱང་སྒོ་ཆེ་མོ་ཡིན་ལ་སྣ་མང་རིག་གནས་ཀྱི་གཅིག་སྡུད་ཁུལ་ཞིག་ཀྱང་ཡིན་པས་རིག་གནས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད། ད་ཆ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་7དང་། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་8 གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་16 རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་22བཅས་ཡོད་པ་རེད། 

    ཁྱད་ལྡན་རིག་གནས་ཐོན་ལས་གོང་འཕེལ་གཏོང་བའི་བརྒྱུད་རིམ་ནང་ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་ཁུལ་ལ་ཕྱོགས་པ་དང་། མང་ཚོགས་དབུལ་པོར་ཕྱོགས་པ། ས་ཁུལ་དབུལ་པོའི་རིག་གནས་ཐོན་ལས་ཀྱི་སྒྲིག་བཀོད་ཆ་རྐྱེན་ལེགས་སུ་གཏོང་བར་ཕྱོགས་པ། ས་ཁུལ་དབུལ་པོའི་རང་བརྟེན་ནུས་པ་ཆེ་རུ་གཏོང་བར་ཕྱོགས་པ་བཅས་བྱས་ཏེ“ཁྱིམ་ཚང་མང་པོ་སྣེ་ཁྲིད་དང་སྒུལ་ཤུགས་ཆེ་བའི”ཁྱད་ལྡན་ལེགས་ལྡན་ཐོན་ལས་མཉམ་ལས་ཁང་གཅིག་སྡུད་ཐོག་སྐྱེད་སྲིང་བྱས་ནས་དབུལ་སྒྲོལ་དཔེ་སྟོན་གྲོང་ཚོ་ཁག་གཅིག་གཅིག་སྡུད་ཐོག་བཏོད་པ་དང་། ལས་ཞུགས་བསྐྱར་མ་བྱེད་མཁན་དང་། ལས་ཤོར་མི་སྣ། ཞིང་དལ་མི་སྣ་བཅས་ལ་དམིགས་ནས“ཉི་འོད་འདུ་འགོད”དང“ཁྱིམ་ཚང་ཁྲི་སྟོང་མང་པོའི”འདུ་འགོད་ལག་བསྟར་བྱས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་དཔུང་ཁག་གི་གཞི་ཁྱོན་སྔར་བས་ཆེ་རུ་བཏང་ནས་དབུལ་པོའི་གནས་བབ་ལ་འགྱུར་ལྡོག་བཏང་ཡོད།

    ནག་ཆུ་གྲོང་ཁྱེར་གྱིས་མི་དམངས་མང་ཚོགས་ཀྱི་གཞི་རྩའི་རིག་གནས་བྱང་ཚད་དང་ངལ་རྩོལ་པའི་ལག་རྩལ་རྩལ་ནུས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱས་ནས་ནུས་སྐྱོར་རིག་སྐྱོར་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་གིས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་གྱི་གསོ་སྦྱོང་དང་ལེན་བྱེད་མཁན་ལ་ཁ་གསབ་སྤྲད་པ་དང་ཆེད་དོན་སློབ་བསྡུའི་ཡིག་ཚགས་དང་གཱ་བཟོས་པའི་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་དང་དེ་བཞིན“གཉིས་ལུས་སློབ་མར”རིན་མི་དགོས་པའི་རྩལ་ནུས་སློབ་སྦྱོང་དང་ལེན་བྱེད་དུ་བཅུག་ཡོད། ཁྲོམ་རའི་དགོས་མཁོ་ཁྲིད་སྟོན་དུ་འཛིན་པ་དང་ལས་ཞུགས་དང་ཡོང་སྒོ་འཕར་སྣོན་དམིགས་ཡུལ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གསོ་སྦྱོང་དང་རིག་གནས་རྒྱུན་འཛིན་ཟུང་འབྲེལ་དང་། ཐོན་ལས་འཕེལ་རྒྱས་དང་ཟུང་འབྲེལ། རྣམ་གྲངས་འཛུགས་སྐྲུན་དང་ཟུང་འབྲེལ། ཁྲོམ་རའི་ལས་ཞུཌ་དང་ཟུང་འབྲེལ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ནག་ཆུ་གྲོང་ཁྱེར་གྱིས་མ་དངུལ་བཏོན་ནས་རིག་གནས་ཐོན་ལས་གླིང་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་མཉམ་ལས་ཁང་གི་སྐྱེད་སྲིང་རྟེན་གཞི་བཙུགས་ཏེ་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་མཉམ་ལས་ཁང་སྣ་ཚོགས་སྐྱེད་སྲིང་ཧུར་ཐག་བྱས་པའི་རྨང་གཞིའི་ཐོག་གནས་གཏན་འཁེལ་གྱིས་ལས་གནས་གསོ་སྦྱོང་བྱས་ནས“མི་གཅིག་ལ་གསོ་སྦྱོང་བྱེད་པ་དང་། མི་གཅིག་ལ་ལས་ཞུགས་ཐུབ་པ། དུད་ཚང་གཅིག་དབུལ་སྒྲོལ་ཐུབ་པ”བཅས་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།