དབུ་ཤོག>ཆེད་སྒྲིག
  • གྲོང་གསེབ་དར་རྒྱས་འཐབ་ཇུས་བཀོད། ཞིང་གྲོང་རྣམ་པ་གསར་པར་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-24

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་དང་ལྷག་པར་དུ་གྲོང་གསེབ་དར་རྒྱས་ཀྱིི་འཐབ་ཇུས་ལག་ལེན་བསྟར་ཚུན། རང་སྐྱོང་ལྗོངས་ཀྱིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་ལེན་ཧུར་ཐག་བསྟར་ནས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་རྒྱུ་དེ་དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞིར་བརྩིས་ནས་ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་བས་ཞིང་ལས་རིམ་སྤོར་དང་། གྲོང་གསེབ་ཡར་ཐོན། ཞིང་པ་འཕེལ་རྒྱས་བཅས་ཀྱི་རྣམ་པ་གསར་པ་མངོན་ནས་ཞིང་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།

    ཞིང་ལས་སྟོབས་ཆེ། 

    ཐོན་ལས་དར་ཞིང་མདུན་ལམ་ལྡན།

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྗོངས་ཡོངས་སུ་ནས་དང་། འབྲི་གཡག བོད་ཕག བོད་ལུག དཀར་ཆུ། སྔོ་ཚལ། གཟན་རྩྭ་བཅས་ཐོན་ལས་ཆེན་པོ་བདུན་གཙོ་གནད་དུ་བྱས་པའི“7+N”ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་ཞིག་ཆགས་ནས་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་རྟེན་གཞི་བཅུ་གཙོ་བོར་བྱས་པའི་རྒྱལ་ཁབ་ཀྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་གལ་ཆེན་ཞིག་ཆགས་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རང་ལྗོངས་སུ་རིམ་རྩིས་བྱས་ན་རྒྱལ་ཁབ་ཀྱི་དེང་རབས་ཞིང་ལས་ཐོན་ལས་གླིང་4དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་ཚོམ་བུ་1 རྒྱལ་ཡོངས་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཁུལ་5 ཞིང་ལས་ཐོན་ལས་སྟོབས་ཆེའི་གྲོང་རྡལ་6 རྒྱལ་ཡོངས་ཀྱི་གྲོང་ཚོ་རེར་སྤུས་རྟགས་རེའི་དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་41 ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་ཤང་དང་གྲོང་རྡལ་24 རྒྱལ་ཡོངས་ཀྱི་སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཀྱི་ཡུལ་སྐོར་དཔེ་སྟོན་རྫོང་16བཅས་བཙུགས་ཡོད་པ་རེད།

    སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་162དང་13475སོ་སོར་ཟིན་པ་དེ་2015ལོ་ལས་65%དང་ལྡབ་1.9འཕར་ནས་རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཞིང་རའི་མིང་གཞུང་ཆ་འཕྲིན་མ་ལག་ནང་བཅུག་པའི་ཁྱིམ་ཚང་གི་ཞིང་འབྲོག་ར་9240ཡོད་པ་དང་། སྣེ་འདྲེན་ཁེ་ལས་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་དེ་2015ལོ་ལས་ལྡབ་འཕར་བྱུང་བ། ཞིང་འབྲོག་ཐོན་རྫས་ལས་སྣོན་ཕྱོགས་བསྡུས་གཞན་སྒྱུར་བྱེད་ཚད་15%ཟིན་པ་བཅས་རེད།

    མང་ཚོགས་ཕྱུག་པ། 

    ཡོང་འབབ་མང་བས་སེམས་ཤུགས་འཕེལ།

    ནག་ཆུ་གྲོང་ཁྱེར་སྟག་གསར་ཤང་གི་འབྲོག་པ་བཀྲ་ཤིས་ཚེ་རིང་གིས་ཞོགས་པ་སྔ་པོ་ནས་ཟོག་འདྲེན་རླངས་འཁོར་བཏང་ནས་དགའ་བདེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་བསྐྱོད།

    དེ་སྔ་བཀྲ་ཤིས་ཚེ་རིང་སྡོད་སའི་གྲོང་ཚོར་གནམ་གཤིས་དང་གཟན་ཆག་སོགས་ཀྱི་ཚོད་འཛིན་ཕོག་ནས་ས་གནས་དེ་གའི་འབྲོག་པས་དགུན་དུས་ནོར་ལུག་བཙོངས་ནས་ཡོང་འབབ་རག་ཐབས་བྱེད་པ་དང་ཡོང་འབབ་བརྟན་པོ་མེད། ཕྱིས་སུ་བོད་ལྗོངས་དགའ་བདེ་སྐྱེ་ཁམས་སྣོད་བཅུད་འབྲོག་ལས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་རྗེས། འཁྱག་མཛོད་དང་གྲང་ཕྲེང་ཟོག་འགྲེམས་སྒྲིག་སྦྱོར་བྱས་པ་དང་དེང་རབས་ཅན་གྱི་དཀར་ཆུའི་ཐོན་རྫས་ཐོན་སྐྱེད་བྱ་ཡུལ་བསྐྲུན་ཏེ་ཉེ་འཁོར་འབྲོག་པའི་འོ་མ་གཅིག་སྡུད་ཐོག་ཉོ་ཡི་ཡོད། མིག་སྔར་ཀུང་སི་དེས་འོ་ཁུངས་རྟེན་གཞི་100བཙུགས་པར་འབྲོག་དུད་3200ལྷག་ཙམ་ཞུགས་ཏེ་མི་16256ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པས་ཞིང་འབྲོག་མང་ཚོགས་14773ལ་ཕན་པ་ཐོབ་ཡོད་པ་རེད།

    ཐོན་ལས་འཕེལ་རྒྱས་ཀྱིས་ཞིང་འབྲོག་མང་ཚོཌ་ལ་རྒྱུན་མཐུད་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། 2020ལོ་ནས་བཟུང་། ལྗོངས་ཡོངས་ཀྱིས་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུཌ་ལས་བྱུང་བའི་ཤུཌ་རྐྱེན་ངན་པ་ཁྱད་བསད་ཧུར་ཐག་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བརྟན་པོའི་ངང་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་2020ལོར་སྒོར་14598ཟིན་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུཌ་མོལ་ཚོཌ་འདུ་ཐེངས་དྲུག་པའི་ཐོག་བཏོན་པའི“2020ལོར་སླེབས་སྐབས་བོད་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2010ལོ་ལས་ལྡབ་གཅིག་འཕར་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཧ་ལམ་མཚུངས་པའི”དམིཌ་ཚད་བདེ་བླག་ངང་ལེཌ་སྒྲུབ་བྱས་པ་རེད།

    གྲོང་ཚོ་མཛེས་པ། 

    གྲོང་ཚོའི་རྣམ་པ་གསར་ཞིང་སྡོད་མལ་ལ་འཚམ།

    “ཆུང་དུས་གྲོང་ཚོར་ཁོད་མི་སྙོམས་པའི་ས་རྡོའི་ལམ་ཞིག་ལས་མེད་ལ། སྡོད་ཁང་ཡང་མང་ཆེ་བ་ས་ཕག་ལས་གྲུབ་པས་དེ་དུས་ངའི་བསམ་འདུན་ཆེ་ཤོས་ནི་ས་ཆ་དེ་ནས་ཁ་འབྲལ་རྒྱུ་དེ་ཡིན། ད་ཆ་ཚང་མར་འགྱུར་ལྡོག་བྱུང་འདུག”ལོ་26ལ་སླེབས་པའི་ལྷ་མོ་སློབ་ཆེན་ཐོན་རྗེས་ཡུལ་སྐོར་སྣེ་ཤན་པ་བྱེད་ཀྱི་ཡོད་ཅིང་། “གྲོང་ཚོའི་ཁོར་ཡུག་མཛེས་སུ་ཕྱིན་པས་འདི་གར་ཡུལ་སྐོར་དུ་ཡོང་མཁན་མང་དུ་འགྲོ་བཞིན་འདུག”ཅེས་ཁོ་མོས་བཤད།

    “གཙང་བཤེར་བཞི་དང་སྒྱུར་བཀོད་གཉིས”ཀྱི་གྲོང་གསེབ་གཙང་སྦྲའི་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་གྲོང་གསེབ་ཏུ་ཁྱིམ་སྤྱོད་གསང་སྤྱོད་ཁྲི་27སྒྱུར་བཀོད་བྱས་ནས་ཁྱིམ་སྤྱོད་གསང་སྤྱོད་ཁྱབ་ཚད་49.45%ཟིན་པ་དེ་2018ལོའི་ལྡབ་གཅིག་འཕར་ཡོད།

    གྲོང་ཚོའི་གཙང་སྦྲའི་ལམ་སྲོལ་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཚོ་4013ལ་གཙང་སྦྲ་བ་33250ཡོད་པ་རེད། གྲོང་ཚོའི་འཚོ་བའི་གད་སྙིགས་90%ཡན་བཅོས་སྒྲིག་ཐུབ་པ་དང་། གྲོང་ཚོའི་འཚོ་བའི་བཙོག་ཆུ་30%ཡན་གང་བྱུང་ཕྱིར་འབུད་བྱེད་པར་དོ་དམ་ཚོད་འཛིན་ཐུབ་པ་རེད།

    གྲོང་ཚོ་40%རུ་རྩ་བའི་ཆར་མི་ཕྱུགས་ལོགས་སྡོད་མངོན་འགྱུར་བྱུང་ནས་ཞིང་འབྲོག་པའི་འཕྲོད་བསྟེན་གྱི་འཚོ་བའི་གོམས་གཤིས་ཡག་ཏུ་ཕྱིན་ཡོད་པ་དང་། གྲོང་ཚོ་1833གྱི་འཆར་འགོད་ལེགས་གྲུབ་ཟིན་ནས་གྲོང་ཚོ་16ཀྲུང་གོའི་སྲོལ་རྒྱུན་གྲོང་ཚོའི་མིང་གཞུང་ནང་ཚུད་པ། མཛེས་སྡུག་ལྡན་པའི་སྡོད་མལ་དཔེ་སྟོན་གྲོང་ཚོ་120གཏན་འཁེལ་བྱས་ནས་གྲོང་ཚོའི་རྣམ་པ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།