རྫོང་ཡོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གཞི་རིམ་ཏང་རྩ་འཛུགས་265བར་མང་དུ་བཏང་བ་དང་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཁྱབ་ཚད་100%ཟིན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་ཡོད།
“ལོ་ལྔ་ཚན་བཅུ་གསུམ་པའི”ཚུན་དུ། སོག་རྫོང་གིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ཏེ་རིམ་ཁག་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་། ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། སྤྱོད་ཚུལ་སྒྲིག་ཁྲིམས་འཛུགས་སྐྱོང་། སྤྱོད་གཙང་སྲིད་ཞུགས་འཛུགས་སྐྱོང་བཅས་ལ་དམ་འཛིན་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་ཡོན་ལས་བྱེད་པའི་དཔུང་ཁག་གི་བྱང་ཚད་མཐོ་རུ་ཧུར་ཐག་བཏང་བ་དང་། ལྷག་བསམ་རྣམ་དག་དང་སྤྱོད་གཙང་འགན་འཁུར་གྱི་བྱང་ཚད་མཐོ་བའི་དཔུང་ཁག་བཏོད་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་འཇོན་ཐང་ཆེ་རུ་བཏང་བ། རྫོང་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི“འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བ། མི་སེམས་གཅིག་སྒྲིལ། ཞི་མཐུན་ལ་སྐུལ་འདེད”བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པ། སོག་རྫོང་གི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་བྱས་ཡོད།
ལོ་ལྔའི་རིང་། སོག་རྫོང་རྫོང་ཨུད་ཀྱིས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”དང་། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ”“སྣང་ཆེན་བཞི་དང་དགའ་ཞེན་བཞི”སོགས་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་གཏིང་ཟབ་སྤེལ་ནས་ཏང་ཡོན་ལས་བྱེད་པའི་སྤྱོད་ཚུལ་འཛུགས་སྐྱོང་གི་ཡུན་རིང་རང་བཞིན་དང་། རྙོག་འཛིང་རང་བཞིན། དཀའ་ཚེགས་རང་བཞིན་བཅས་ཀྱི་ངོས་འཛིན་སྔར་བས་ཟབ་ཏུ་བཏང་བ་དང་། རྒྱུན་དུ་དམ་འཛིན་དང་། ཞིབ་ཚགས་དམ་འཛིན། མཐར་ཕྱིན་དམ་འཛིན་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་པ། སྤྱོད་ཚུལ་འཛུགས་སྐྱོང་ཚད་ལྡན་ཅན་དང་། རྒྱུན་རྣམ་ཅན། ཕུགས་ཕན་ཅན་བཅས་ལ་སྐུལ་འདེད་བཏང་བས་དཔའ་ངར་ཆེར་བསྐྱེད་ཀྱི་ལས་ཀའི་སྤྲོ་སེམས་དང་བྱས་པའི་རྗེས་ཡོད་པའི་ལས་དོན་སྒྲུབ་ནུས་དེ་སྤྱོད་ཚུལ་འཛུགས་སྐྱོང་གི་རྒྱུན་རྣམ་གསར་པ་ཞིག་ཏུ་གྱུར་ཡོད།
ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་མཐའ་འཁྱོངས་ཀྱིས་ལས་བྱེད་པ་དང་ལས་གནས་འཚམ་མཐུན་ཡོང་བ་བྱས་ཏེ་གཞི་རིམ་གྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་དང་རྙོག་འཛིང་ཆེ་བའི་གནད་དོན་ཐག་གཅོད་བྱེད་པའི་འཇོན་ཐང་ཆེ་བའི་ལས་བྱེད་པ་གང་མང་ཞིག་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་བཏང་ནས་རྫོང་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་གི་ཕྱོགས་བསྡུས་འཇོན་ཐང་ཆེ་རུ་བཏང་བ་དང་གྲུབ་ཆ་དེ་བས་ལེགས་སུ་བཏང་བས་རྣམ་པ་བཟང་པོ་གཏོད་པ་དང་། འཆར་གཞི་ཡག་པོ་འགོད་པ། ལས་བྱེད་པ་ཡག་པོ་འདེམས་པ། ཚན་ཁག་ཡག་པོ་བཀོད་སྒྲིག་བྱེད་པ། ཉམས་འགྱུར་བཟང་པོ་མངོན་པ་བཅས“བཟང་པོ་ལྔའི”དམིགས་ཚད་མངོན་འགྱུར་ཐུབ་ཡོད།
རྫོང་ཡོངས་ཀྱིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གཞི་རིམ་ཏང་རྩ་འཛུགས་265བར་མང་དུ་བཏང་བ་དང་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཁྱབ་ཚད་100%ཟིན་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་མཁར་རྫོང་གི་ནུས་པ་སྔར་བས་ཆེ་རུ་ཕྱིན་པ་དང་། གྲོང་ཚོའི་ལས་བྱེད་པའི་འགན་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། ཞིང་འབྲོག་པ་ཏང་ཡོན་གྱི་དཔེ་སྟོན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།