དབུ་ཤོག>ཆེད་སྒྲིག
  • སློབ་གྲྭ་འབྲིང་ཆུང་གི་སློབ་མའི“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཐོག་མའི་བསམ་འདུན་གཏོད་པའི”ཕྱོགས་བསྡུས་ལག་ལེན་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-24

    ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་རིང་། ཕྱོགས་བསྡུས་ལག་ལེན་བྱེད་སྒོས་ནུས་པ་གལ་ཆེན་གང་ལེགས་འདོན་པ་དང་། རྒྱ་ཆེའི་སློབ་མའི་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་དང་། སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས། རྒྱལ་ཁབ་ཀྱི་བརྩེ་སེམས་བཅས་ཟབ་ཏུ་གཏོང་ཆེད། ཉེ་ཆར་ལྷ་ས་གྲོང་ཁྱེར་གྱིས་2021ལོ་འཁོར་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཐོག་མའི་བསམ་འདུན་གཏོད་པའི”ཕྱོགས་བསྡུས་ལག་ལེན་གྱི་སློབ་གསོའི་བྱེད་སྒོ་སྤེལ་བ་རེད།

    ལྷ་ས་གྲོང་ཁྱེར་གྱི་2021ལོ་འཁོར་གྱི“ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཐོག་མའི་བསམ་འདུན་གཏོད་པའི”ཕྱོགས་བསྡུས་ལག་ལེན་གྱི་སློབ་གསོའི་བྱེད་སྒོ་ཐེངས་དང་པོའི་འགོ་ཚུགས་མཛད་སྒོའི་ཐོག་གཞོན་ནུ་ལོ་ཆུང་ལག་ལེན་རྟེན་གཞིའི་དགེ་རྒན་གྱིས་གསོ་སྦྱོང་ལ་ཞུགས་མཁན་སློབ་མས་རྟེན་གཞིར་སྡོད་རིང་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་བཤད་བྱས་པ་དང་། སློབ་མ་ཚོར་བདེ་འཇགས་ལ་དོ་སྣང་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།

    འགོ་ཚུགས་མཛད་སྒོ་སྟབས་བདེ་ཞིག་འཚོགས་རྗེས། རྟེན་གཞིའི་དགེ་རྒན་གྱིས་ཉང་བྲན་སློབ་ཆུང་གི་སློབ་མ་95ཡི་སྣེ་ཁྲིད་དེ་ངལ་རྩོལ་ཞབས་བྲོ་འཁྲབ་པ་དང་། སྙན་འཇེབས་ལྡན་པའི་རོལ་དབྱངས་དང་འཁྲུག་ཆ་དོད་པའི་སྟངས་སྟབས་ཀྱིས་མཛད་སྒོ་འཚོག་སར་དགའ་སྤྲོའི་རྣམ་པས་ཁེངས་ཡོད། དེ་རྗེས་དགེ་རྒན་ཚོས་སློབ་མ་ཉལ་ཁང་དུ་ཁྲིད་ནས་བསྡུ་གསོག་རྒྱག་སྟངས་སོགས་བསླབས་པས། སློབ་མའི་ཉལ་ཁང་གྲལ་འགྲིག་ལ་གཙང་སྦྲ་དོད་དུ་ཕྱིན་ཡོད།

    རྟེན་གཞིའི་ལས་དོན་མི་སྣ་པ་སངས་ཀྱིས“སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོས་ཕྲུ་གུ་ཚོའི་སློབ་གཉེར་གྱི་འདུན་པ་དང་འགན་འཁྲིའི་བསམ་པ་ཆེ་རུ་འགྲོ་ཐུབ་པས། ཁོང་ཚོའི་རང་མགོ་ཐོན་ནུས་དང་། ཚོགས་པའི་འདུ་ཤེས། གསར་གཏོད་ཀྱི་འདུ་ཤེས། ལག་ལེན་གྱི་ནུས་པ་བཅས་སྐྱེད་སྲིང་ཐུབ་ནས‘རྩེད་མོའི་ཁྲོད་སློབ་སྦྱོང་དང་ལས་ཀ་བྱེད་རིང་སློབ་སྦྱོང’དངོས་འབྲེལ་ཐུབ་སྟེ། འཚོ་བར་ཉམས་ལེན་ཡག་པོ་ཐུབ་ཡོད”ཅེས་གསར་འགོད་པར་བཤད་བྱུང་། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།