ཉིང་ཞ་ཡན་ཁྲེ་རྫོང་ནི་གསར་བརྗེའི་ཁུལ་རྙིང་དང་ཧྲའན་ཀན་ཉིང་མཐའ་ཁུལ་ཞེས་པའི་ནང་གི“ཉིང”ཞེས་པ་འདི་གར་རེད། དེ་གར་ཚྭ་ཐོན་གྱི་ཡོད་པས་ཡན་ཁྲེ་རྫོང་སྐབས་དེ་དུས་ཧྲའན་ཀན་ཉིང་མཐའ་ཁུལ་གྱི་དཔལ་འབྱོར་ལྟེ་གནས་སུ་གྱུར་ཡོད། ད་ཆ་ཡན་ཁྲེ་རྫོང་དུ་སྤྱིར་ཚྭ་ཐོན་གྱི་མེད། ཐན་དབྱང་ལུག་རྒྱུད་དང་མེ་ཏོག་སེར་ཆེན་གྱིས་མཚོན་པའི་ཁྱད་ལྡན་ཐོན་ལས་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་ཡན་ཁྲེ་རྫོང་གིས་ད་དུང་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གང་ལེགས་བྱས་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་བཏང་ཡོད།
ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་སྐབས་སུ་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཡན་ཁྲེ་རྫོང་དུ་བསྐྱོད་དེ་སྔ་དེང་བསྡུར་ནས་གསར་བརྗེའི་ཁུལ་རྙིང་གི་ལོ་རྒྱུས་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ཡོད།
འདི་ནི་ཉིང་ཞ་ཡན་ཁྲེང་རྫོང་གྲོང་ནས་པར་བླངས་པའི་འཇིམ་བརྐོས་ཡིན་པ།