དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-06-24

    ★ 1999ལོའི་ཟླ་12ཚེས་20ཉིན་གྱི་ཐོ་རེངས་སུ་ཀྲུང་གོ་དང་ཕོར་ཐིའུ་ཀལ་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཨའོ་མོན་དུ་སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་གིས་ཨའོ་མོན་ལ་འཛིན་པའི་བདག་དབང་དབང་ཆ་སླར་གསོ་བྱུང་བའི་ཁྱབ་བསྒྲགས་བྱས་ཡོད།

    ★ 2001ལོའི་ཟླ་9ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གིས《སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལག་བསྟར་རྩ་གནད》བཀྲམ་ནས་སྤྱི་ཚོགས་ཡོངས་ཀྱིས“རྒྱལ་གཅེས་ཁྲིམས་སྲུང་དང་། གུས་ལུགས་གཞུང་དྲང་། མཐུན་སྒྲིལ་མཛའ་གྲོགས། དཀའ་སྤྱད་རང་སྟོབས། ལས་བཀུར་ལེགས་སྐྱེས”བཅས་ཀྱི་གཞི་རྩའི་ཀུན་སྤྱོད་ཚད་གཞི་དར་སྤེལ་ཤུགས་ཆེན་གཏོང་དགོས་ཞེས་བཏོན་ཡོད།

    ★ 2001ལོའི་ཟླ་11ཚེས་10ཉིན། ཏུའོ་ཧ་རུ་འཚོགས་པའི་འཛམ་གླིང་ཚོང་དོན་རྩ་འཛུགས་སྐབས་བཞི་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་ཐོག་ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ལ་ཞུགས་ཆོག་པའི་གཏན་འབེབས་བྱས་ཡོད། ཟླ་12ཚེས་11ཉིན། ཀྲུང་གོ་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ལ་དངོས་སུ་གྱུར་པ་དེ་ཐོག་ནས་ཀྲུང་གོའི་ཕྱི་ཕྱོགས་སྒོ་དབྱེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

    ★ 2002ལོའི་ཟླ་12ཚེས་5དང་6ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་དང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་བློ་མཐུན་རྣམ་པས་ཤིས་པའེ་ཧྥོ་རུ་སློབ་སྦྱོང་རྟོག་ཞིབ་གནང་སྐབས་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་འཐབ་རྩོད་བྱས་པའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་དྲན་གསོ་ཞུས་པ་དང་མའོ་ཙེ་ཏུང་གིས་ཀྲུང་གུང་སྐབས་བདུན་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་བསྐྱར་དྲན་བྱས་ཏེ་ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་དོན་དུ་འགོ་ཁྲིད་ལས་བྱེད་པར་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་དགོས་པའི་འབོད་སྐུལ་གནང་བ་རེད།

    ★ ཀྲུང་གུང་ཀྲུང་དབྱང་གིས་2005ལོའི་ཟླ་1པོ་ནས་བཟུང་ལོ་གཅིག་དང་ལོ་ཕྱེད་རིང་ཏང་ཡོངས་སུ་གུང་ཁྲན་ཏང་ཡོན་གྱི་སྔོན་ཐོན་རང་བཞིན་གྱི་སློབ་གསོའི་བྱེད་སྒོ་རྒྱུན་མཐུད་སྤེལ་དགོས་པའི་གཏན་འབེབས་བྱས་ཡོད། (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།