39.ལེའོ་ཧྲེན་གཡུལ་འགྱེད།
1948ལོའི་ཟླ་9ཚེས་12ཉིན་ཏུང་པེ་བྱེས་འཐབ་དམག་དཔུང་གིས་ལིན་པེའོ་དང་ལུའོ་རུང་ཧོན་གྱི་བཀོད་འདོམས་འོག་ལེའོ་ཧྲེན་གཡུལ་འགྱེད་བྱས་ཤིང་། སྐབས་དེའི་གཡུལ་འགྱེད་ཉིན་52ནང་དགྲ་བོ་ཁྲི་74.2ཚར་བཅད་པ།
40.ཧོའེ་ཧའེ་གཡུལ་འགྱེད།
1948ལོའི་ཟླ་11ཚེས་6ཉིན་ཧྭ་ཏུང་བྱེས་འཐབ་དམག་དཔུང་དང་ཀྲུང་ཡོན་བྱེས་འཐབ་དམག་དཔུང་གིས་ཏེང་ཞའོ་ཕིང་གིས་ཧྲུའུ་ཅི་གནང་བའི་སྤྱི་ཁྱབ་གཡུལ་སའི་དམག་འཐབ་ཨུ་ལྷན་གྱི་གཅིག་གྱུར་བཀོད་འདོམས་འོག་ཧོའེ་ཧའེ་གཡུལ་འགྱེད་བྱས་ཤིང་། སྐབས་དེའི་གཡུལ་འགྱེད་ཉིན་60ནང་དགྲ་བོ་ཁྲི་55.5ཚར་བཅད་པ།
41.ཕིང་ཅིན་གཡུལ་འགྱེད།
1948ལོའི་ཟླ་11ཚེས་29ཉིན་མི་དམངས་བཅིངས་འགྲོལ་དམག་གིས་ལིན་པེའོ་དང་། ལུའོ་རུང་ཧོན། ཉེ་རུང་ཀྲེན་བཅས་ལས་གྲུབ་པའི་ཕིང་ཅིན་གྱི་འཐབ་ས་མདུན་མའི་སྤྱི་ཁྱབ་གཡུལ་སའི་དམག་འཐབ་ཨུ་ལྷན་གྱི་འགོ་ཁྲིད་འོག་ཕིང་ཅིན་གཡུལ་འགྱེད་བྱས་པ་དང་། 1949ལོའི་ཟླ་1ཚེས་31ཉིན་པེ་ཕིང་ཞི་བས་བཅིངས་འགྲོལ་བཏང་ཡོད། སྐབས་དེའི་གཡུལ་འགྱེད་ཉིན་64ནང་གོ་མིན་ཏང་གི་དམག་མི་ཁྲི་52ལྷག་ཚར་བཅད་པ་དང་བཅོས་སྒྲིག་བྱས་ཡོད། (མུ་མཐུད་འགོད་རྒྱུ)