དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2021-06-23

    ★ 1956ལོར། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུའི་ཐོག མའོ་ཙེ་ཏུང་གིས་དམངས་གཙོའི་ཏང་ཤོག་དང“ཡུན་རིང་མཉམ་གནས་དང་ཕན་ཚུན་ལྟ་སྐུལ”བྱ་རྒྱུའི་མཛད་ཕྱོགས་བཏོན་གནང་བ་རེད།

    ★ 1956ལོའི་ཟླ་དང་པོར། ཀྲོའུ་ཨེན་ལའེ་ཡིས་ཤེས་ཡོན་ཅན་གྱི་གནད་དོན་སྐོར་གྱི་ཚོགས་འདུའི་ཐོག་དེང་རབས་ཚན་རིག་འཕེལ་རྒྱས་གཏོང་རྒྱུའི་འབོད་སྐུལ་གནང་བ་རེད།

    ★ 1956ལོའི་ཟླ་བཞི་པར། མའོ་ཙེ་ཏུང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱ་ཆེའི་ཚོགས་འདུའི་ཐོག《འབྲེལ་བ་ཆེན་པོ་བཅུ་ལ་དཔྱད་པ》ཞེས་པའི་སྙན་སྒྲོན་གནང་བ་དང་། དེ་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ལམ་བུ་འཚོལ་ཞིབ་བྱེད་འགོ་ཚུགས་པ་མཚོན་ཡོད།

    ★ 1956ལོའི་ཟླ་དགུ་པར། ཆབ་སྲིད་སྙན་སྒྲོན་སྐོར་གྱི་ཀྲུང་གུང་ཚོགས་ཆེན་བརྒྱད་པའི་གྲོས་ཆོད་ནང་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་བྱ་རྒྱུ་དེ་ཚན་རིག་དང་རིག་གནས་སྒྱུ་རྩལ་གྱི་ལས་དོན་ཕུན་སུམ་ཚོགས་སུ་གཏོང་བའི་མཛུབ་ཁྲིད་བྱེད་ཕྱོགས་སུ་གཏན་འཁེལ་བྱས་པ་རེད།

    ★ 1956ལོའི་ལོ་མཇུག་ཏུ། རང་རྒྱལ་གྱིས་ཐོན་སྐྱེད་རྒྱུ་ཆ་སྒེར་ལ་དབང་བའི་ལམ་ལུགས་ཀྱི་སྤྱི་ཚོགས་རིང་ལུགས་སྒྱུར་བཅོས་ལས་དོན་གཞི་རྩའི་ཆ་ནས་ལེགས་སྒྲུབ་བྱས་ཏེ་དམངས་གཙོའི་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་བར་གྱི་ལོ་རྒྱུས་ཀྱི་འགྱུར་ལྡོག་མངོན་འགྱུར་བྱུང་ཡོད་པ་རེད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།