ཉིན་ཤས་གོང་། ནག་ཆུ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ནག་ཆུ་གྲོང་ཁྱེར་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཉེར་བའི“པིར་རྩལ་མཁས་པས་ཏང་གི་དྲིན་ལ་བསྟོད། ཚོན་མདོག་རྣམ་བཀྲས་བྱང་ཐང་རི་མོར་བཀོད”ཅེས་པའི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཡིག་རིས་འགྲེམས་སྟོན་གྱི་བྱེད་སྒོ་ནག་ཆུ་གྲོང་ཁྱེར་དཔེ་མཛོད་ཁང་དུ་གཉེར་བ་རེད།
ཚན་པ་ཁག་དང་། སློབ་མ། མང་ཚོགས་བཅས་ཀྱི་འཐུས་མི་དང་གྲོང་ཁྱེར་གཞུང་རྒྱུ་ཨུ་ལྷན་གྱི་ཁེ་ལས་ཀྱི་ལས་བཟོའི་འཐུས་མི་ད་ཐེངས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། ད་ཐེངས་ཀྱི་ཡིག་རིས་འགྲེམས་སྟོན་ནང་ཁྱོན་བརྩམས་ཆོས་102འགྲེམས་སྟོན་བྱས་པའི་ཁྲོད་རྒྱ་ཡིག་གི་ཡིག་གཟུགས་བརྩམས་ཆོས་23དང་། བོད་ཡིག་གི་ཡིག་གཟུགས་བརྩམས་ཆོས་52 བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་བརྩམས་ཆོས་1 མཛེས་རྩལ་བརྩམས་ཆོས་26བཅས་ཡོད་པ་རེད།