ཟླ་6ཚེས་18ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ཁྲེན་ཡུང་ཆི་ཁོངས་གཏོགས་ཏང་ཀྲི་པུའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་རྩ་འཛུགས་ཀྱི་འཚོ་བའི་ཚོགས་འདུར་ཞུགས་ཏེ། ལོ་ངོ་བརྒྱའི་ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ཏང་གི་ལོ་རྒྱུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ནས། ཀྲི་པུའི་ཏང་ཡོན་དང་མཉམ་དུ་སློབ་སྦྱོང་བགྲོ་གླེང་དང་། མྱོང་ཚོར་སྤེལ་རེས། བསམ་བློའི་སློབ་གསོ་དང་ལེན་བཅས་གནང་བ་མ་ཟད་སྣེ་ཁྲིད་དེ་ཏང་གཤིས་དབྱེ་ཞིབ་ཀྱང་གནང་བ་རེད།
ཁྲེན་ཡུང་ཆིས། རྒྱ་ཆེའི་རྩ་འཛུཌ་ལས་དོན་གྱི་ལས་བྱེད་པས་ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་བསམ་བློའི་སྟོབས་ཤུཌ་ཆེན་པོ་རྟོགས་པར་བྱས་ཏེ། ཏང་གི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དང་། དཀའ་ཚེགས་ཆེ་བའི་བརྒྱུད་རིམ། ལོ་རྒྱུས་ཀྱི་ཉམས་མྱོང་། སྲོལ་རྒྱུན་བཟང་པོ་བཅས་ཀྱི་ཁྲོད་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་གི་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པར་བྱེད་དགོས་པ་དང་། ལྷག་པར་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། མ་རྩོམ་ལྟ་བ་དང་། མ་ཡིག་སྦྱོང་བ། མ་དོན་རྟོགས་པ་བཅས་བྱས་ནས་སློབ་སྦྱོང་གི་གྲུབ་འབྲས་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་དང་རྩ་འཛུགས་ཀྱི་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་དགོས། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་གྱིས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་ཕོད་པ་བྱས་ཏེ། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་། “ལམ་གཉིས”ཀྱི་སྙིང་སྟོབས་སོགས་གུང་ཁྲན་ཏང་མིའི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱེད་པ་དང་། “དོན་ཆེན་བཞི”ཡག་པོ་སྒྲུབ་པ་དང“འགན་ལེན་བཞི”མངོན་འགྱུར་ཡོང་བར་དམ་པོར་དམིགས་པ། ཏང་གི་རྩ་འཛུགས་མ་ལག་སྟོབས་ཆེར་གཏོང་བ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། བོད་སྐྱོར་ལས་དོན་གཏིང་ཟབ་སྤེལ་བ། རྩ་འཛུགས་ལམ་ཕྱོགས་ཀྱིས་ཆབ་སྲིད་ལམ་ཕྱོགས་ལ་ཞབས་འདེགས་ཞུ་བའི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་བོད་དུ་ཏང་གི་འགོ་ཁྲིད་དང་ཏང་གི་བྱ་གཞག་གི་རྣམ་པ་གསར་པ་ཞིག་གཏོད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྩ་འཛུཌ་ཀྱི་འགན་ལེན་བརྟན་པོ་བྱེད་དགོས་ཞེས་གསུངས་པ་རེད།