ཚེས་18ཉིན་གྱི་སྔ་དྲོ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱིས་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར“བོད་ལྗོངས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གི་འཆད་ཁྲིད”ཐེངས་གཉིས་པ་འགོ་ཚུགས་པ་དང་བོད་ལྗོངས་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་འབུམ་རམས་པ་ཁྲེང་ཧྥེང་ཧུའེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཟུར་ཁྲིད་གནང་བར་གདན་དྲངས་ཡོད། ལྗོངས(ཀྲུང་དབྱང)ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ་དང་། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དར་མའི་འཛིན་གྲྭ ཤང་ཀྲང(ཀྲེན་ཀྲང)གི་འཛིན་གྲྭའི་སློབ་མ་བཅས་ཁྱོན་མི་གྲངས་340སློབ་ཚན་ལ་ཞུགས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ནས་བཟུང་། ལྗོངས་ཐད་གཏོགས་ལས་ཁུངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་དེ“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པའི”ཆེད་དོན་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བཅས་ཐད་ཇུས་འགོད་ཞིབ་ཚགས་དང་སྒྲིག་འཛུགས་ཚགས་ཚུད་བྱས་ནས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཚད་གཞི་མཐོ་རུ་གཏོང་བ་དང་སྤུས་ཚད་མཐོ་བའི་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་བཏང་ཡོད།