དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ​ ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-22

    682381_yis_1624291200000_s.jpg

    འདི་ནི་རྒན་མོ་སྲི་ཆོད་ཡིན་པ།

    682383_yis_1624291200000_s.jpg

    འདི་ནི་རྒན་མོ་སྲི་ཆོད་ཀྱིས་འབྲོག་ཁུལ་དུ་ལུ་གུ་པང་དུ་ཉར་བའི་པར་ཡིན་པ།

    རྒན་མོ་སྲི་ཆོད་ནི་1929ལོར་སྐྱེས་པ་དང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་དབུ་མ་ཐང་ཤང་ན་ལུང་གྲོང་ཚོའི་འབྲོག་པ་ཞིག་རེད།

    ཁོང་ནི་བ་ཚང་ནང་སྐྱེས་པ་དང“ཆུང་དུས་པགས་ཚག་གཅིག་ལས་མེད་པས། ཉིན་མོ་གྱོན་ཆས་དང་མཚན་མོ་ཉལ་ཆས་བྱེད་ཀྱི་ཡོད། པགས་ཚག་གཅིག་གིས་དགུན་ཁ་སྐྱེལ་དགོས་དུས་གྲང་ངར་བཟོད་ཐབས་བྲལ”“གྱོན་ཆས་བརྗེ་ལེན་མེད་པས་ཤིག་གིས་བཟས་ནས་གཟུགས་པོ་ཐམས་ཅད་དམར་སྨུག་ཏུ་གྱུར་གྱི་འདུག” “ཆུང་དུས་ང་གཟུགས་པོ་ཐང་པོ་མེད་རྐྱེན་ཕྱུགས་རྫི་དང་ལྕི་བ་སྒྲུག་པར་འགྲོ་ཐབས་བྲལ་བས། པཱ་ལགས་ཀྱིས་ང་རང་ཁྲིད་དེ་ཁྱིམ་ཚང་མི་རེ་ངོ་རེའི་སྒོ་རྩར་སློང་མོར་འགྲོ་གི་ཡོད། དེ་དུས་སྐེད་པར་ཐང་ཁུག་ཅིག་གཟེར་ཏེ་གཞན་གྱིས་སྟེར་བའི་ལྟོ་ལྷག་རྣམས་དེའི་ནང་བཅུག་སྟེ་ལུག་འཚོ་བར་འགྲོ་སྐབས་ཟ་གི་ཡོད”ཅེས་རྒན་མོས་དྲན་གསོ་བྱེད་བཞིན་དུ་བརྗོད།

    ད་ཆ“ལོ་གཅིག་དུས་བཞིར་གྱོན་ཆས་སྣ་གཅིག”ནས“ལོ་གཅིག་དུས་བཞིར་གྱོན་ཆས་སྣ་ཚོགས”གྱོན་རྒྱུ་ཡོད་པའི་བར་འགྱུར་ལྡོག་བྱུང་བ་དང“ཚལ་སྣེ་ཁ་གཅིག་ཀྱང་རག་དཀའ་བ”ནས“ཚལ་དང་ཤིང་ཏོག་ཤིན་ཏུ་འབེལ་བའི”བར་འགྱུར་ལྡོག་བྱུང་སྟེ། བོད་ཀྱི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། སྲི་ཆོད་ཀྱིས“ད་ཆ་ང་ལོ་90ལྷག་ཙམ་ལ་སླེབས་ཀྱི་འདུག ལྟོ་ཡག་པོ་ཟ་ཐུབ་ཀྱི་འདུག་ལ་གང་ཟས་ཀྱང་ཞིམ་པོ་འདུག ང་རང་ཟ་རྒྱུར་ཧ་ཅང་དགའ་པོ་ཡོད། དེ་ནི་སྔོན་མ་ཧ་ཅང་ཟ་འདོད་པའི་སྐབས་སུ་དེ་འདྲ་ཟ་བའི་ཆ་རྐྱེན་མེད་པའི་རྐྱེན་གྱིས་ཡིན་སྲིད”ཅེས་བརྗོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།