དབུ་ཤོག>ཆེད་སྒྲིག
  • མངའ་རིས་ས་ཁུལ་གྱིས་ལས་གནས་བརྟན་སྲུང་གིས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ“མཐའ་མའི་འགག་གནད”བསལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-22

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“ཆབ་སྲིད་ཀྱི་ཚད་གཞི་དེ་བས་མཐོ་བ་དང་། ཏང་གཤིས་ཀྱི་བླང་བྱ་དེ་བས་ནན་པ། རྩ་འཛུགས་ཀྱི་སྒྲིག་ཁྲིམས་དེ་བས་དམ་པ”བཅས་ཀྱི་ཆེད་དོན་སློབ་གསོ་སྤེལ་སྐབས་ཇི་ལྟར་བྱས་ནས་དམངས་ལ་བྱ་བ་དངོས་སྒྲུབ་དགོས་སམ་ཞེ་ན།

    མངའ་རིས་ས་ཁུལ་གྱི་ཧྲའན་ཤིས་ཚོད་ལྟའི་སློབ་ཆུང་དུ་གསར་འགོད་པར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་མིག་ནད་ཚན་ཁག་གི་སྨན་པ་མང་པོ་དེ་གར་ཡོང་ནས་འོས་འགན་སྨན་བཅོས་བྱེད་པ་དང་འཕྲད་བྱུང་།

    སྨན་པ་ཚོས་སློབ་གྲྭའི་ལོ་རིམ་མཐོ་བའི་སློབ་མ་270ལྷག་ཙམ་ལ་བརྟག་དཔྱད་བྱས་པ་བརྒྱུད། སློབ་མ་མི་ཉུང་བ་ཞིག་གི་མིག་ཤེད་ཚད་གཞི་མི་འདྲ་བའི་སྒོ་ནས་ཞན་དུ་ཕྱིན་ནས་སྨན་ཁང་དུ་མིག་ཤེད་ལ་བརྟག་དཔྱད་བྱེད་པར་འགྲོ་དགོས་པ་ཤེས་རྟོགས་བྱུང་བ་མ་ཟད། ད་དུང་སློབ་མ་20ཙམ་ལ་སྨུག་ཕྱིའི་འོད་ཕོག་ནས་ས་མཐོའི་རང་བཞིན་གྱི་མིག་ནད་ཕོག་པའང་ཤེས་རྟོགས་བྱུང་ཡོད།

    བོད་སྐྱོར་སྨན་པ་ཆུས་ཁྲའོ་དབྱིས་བརྟག་དཔྱད་བྱེད་ཞོར་ངང་རྒྱུད་རིང་པོས་སློབ་མ་ཚོར“ངེས་པར་དུ་ལག་ཐོགས་ཁ་པར་དང་བརྙན་འཕྲིན་ཉུང་ཙམ་བལྟས་ནས་རྟག་ཏུ་ཕྱི་རོལ་དུ་མང་ཙམ་སྒུལ་སྐྱོད་བྱེད་དགོས། ས་མཐོར་སྨུག་ཕྱིའི་འོད་ཤུགས་དྲག་ཆེ་བས་ཡག་ཤོས་བྱུང་ན་ཞྭ་མོ་ཆེན་པོ་གྱོན་པའམ་ཡང་ན་མིག་ཤེལ་ནག་པོ་འདོགས་དགོས”ཞེས་བཤད།

    “ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང‘དེ་བས་གསུམ’གྱི་ཆེད་དོན་སློབ་གསོའི་ཁྲོད་ང་ཚོས‘དངོས་སྒྲུབ’མང་ཙམ་མངོན་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱ་རྒྱུ་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང‘དེ་བས་གསུམ’གྱི་ཆེད་དོན་སློབ་གསོའི་ཕན་འབྲས་ལ‘ཞིབ་བཤེར་བྱེད་ཐབས་ཡག་ཤོས’ལ་བརྩིས་ནས། ‘ངས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པའི’ལག་ལེན་བྱེད་སྒོ་ཏན་ཏིག་སྤེལ་ཏེ་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ཡོད། ‘དངོས་སྒྲུབ’ལ་གཞོལ་བ་དང་སེམས་ནུས་ཡོད་རྒུས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱ་རྒྱུ་དེ་མངའ་རིས་ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང‘དེ་བས་གསུམ’གྱི་ཆེད་དོན་སློབ་གསོའི་སྤུས་རྟགས་བྱེད་སྒོར་གྱུར་ཡོད”ཅེས་མངའ་རིས་ས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་ཧོ་ཤིང་མའོ་ཡིས་ངོ་སྤྲོད་བྱས།

    “གནད་དོན་གསལ་ཐོ”དེ་ཉིད“བློ་ཡིད་ཚིམ་པའི་གསལ་ཐོར”གྱུར་པ།

    མངའ་རིས་ས་ཁུལ་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་མཐའ་སྲུང་ལམ་ཡིག་གཉེར་བར་ཡོང་མཁན་མཁྱེན་ལྡན་མ་སྒྲོལ་མ་ཞབས་ཞུའི་ཚོམས་ཆེན་དུ་སླེབས་མ་ཐག་འགྱུར་ལྡོག་གསར་པ་ཞིག་ཤེས་རྟོགས་བྱུང་བ་སྟེ། དེ་ནི་ཐོག་སོ་དང་པོར་ཆེད་མངགས་མ་བུའི་ཉལ་ཁང་བཀོད་སྒྲིག་བྱས་པ་མ་ཟད། ད་དུང་ཕྲུ་གུ་དམར་འབྱར་གྱི་ཉལ་ཁྲི་དང་། ལག་འཕྱིས་རློན་པ། ཤོག་ཕོར། ཇ་དམ། ལག་པ་འཁྲུད་མི་དགོས་པའི་འདག་ཆུ་སོགས་ཞབས་ཞུའི་སྒྲིག་བཀོད་དང་མཁོ་ཆས་ཀྱང་བཀོད་སྒྲིག་བྱས་ཡོད་པ་དེ་རེད།

    “ཕྱིར་དོན་དག་སྒྲུབ་པར་འགྲོ་དུས་ཕྲུ་གུ་ཁྲིད་ན་རྙོག་དྲ་ཆེན་པོ་འདུག སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱིས་ཕྲུ་གུ་དམར་འབྱར་ཁང་བཙུགས་ནས་ཨ་མ་དང་ཕྲུ་གུ་རྣམས་ལ་འོ་མ་སྟེར་ས་དང་གཅིན་གདན་བརྗེ་ས་བཙུགས་པ་དེ་ནི་མི་སེམས་ལ་དྲོ་སྐྱིད་སྦྱིན་པའི་བྱ་བཟང་རེད་འདུག”ཅེས་སྒྲོལ་མས་བློ་ཡིད་ཚིམ་པོས་བཤད།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུ་ཕྱི་ཚུལ་རིང་ལུགས་སུ་མི་འགྱུར་བ་སྔོན་འགོག་ཇི་ལྟར་བྱེད་དགོས་སམ་ཞེ་ན། མངའ་རིས་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་དང་། རིམ་ཁག་སྡེ་ཚན་ཁག་ལ་ཐུན་མོང་གི་ངོས་འཛིན་ཞིག་བྱུང་བ་སྟེ། དེ་ནི་མང་ཚོགས་ཀྱི་དཀའ་གནད་ལ་དམིགས་ནས་མང་ཚོགས་དོན་མེད་འགྲོ་རྒྱུག་ཉུང་ཙམ་དང་། དྲ་བའི་གྲངས་གཞི་མང་ཙམ་སྤྱད་དེ་དམངས་ཕན་ཞབས་ཞུའི“མྱུར་བགྲོད་ལམ་བུ”གཏོད་རྒྱུ་དེ་རེད།

    སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་ལས་དོན་མི་སྣ་ཞིག་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་ཚུན། མངའ་རིས་ས་ཁུལ་གྱི་སྡེ་ཚན་དང་ཚན་པ་36སྔ་རྗེས་སུ་སྲིད་དོན་ཞབས་ཞུ་ལྟེ་གནས་སུ་བཅའ་སྡོད་བྱས་པ་དང་། སྐར་ཁུང་51བཙུགས་པ། ཞབས་ཞུའི་དོན་ཚན་288གཉེར་ཆོག་པ་བཅས་རེད། ལོ་སྟོད་དུ་སྐར་ཁུང་ཁག་གིས་རིམ་རྩིས་བྱས་ན་གྱོད་གཞི་སྣ་ཚོགས་39857བདག་སྤྲོད་བྱས་པར་གྱོད་གཞི་སྒྲུབ་ཚད་དང་བློ་ཡིད་ཚིམ་ཚད་གཉིས་ཀ་100%ཟིན་ཡོད།

    དབྱར་དུས་སུ་མངའ་རིས་སུ་ཡུལ་སྐོར་རམ་ཡང་ན་གླ་པར་ཡོང་མཁན་མང་པོ་ཡོད། དེའི་ཐད་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱིས་གསེད་བཀྲོལ་བྱས་ཏེ་མཐའ་མཚམས་ཀྱི་ལམ་ཡིག་དང་། ལས་གཉེར་ལག་ཁྱེར། གནས་སྡོད་ལག་ཁྱེར་གཉེར་བའི་ལས་སྒོ་སོགས་གཉེར་མང་བའི་བྱ་བ་གཟའ་མཇུག་གི་སྐར་ཁུང་ནང་བཅུག་ནས“གཟའ་མཇུག(དུས་ཆེན)ཏུ་ངལ་གསོ་མི་རྒྱག་པ་དང་ཞབས་ཞུ་མཚམས་མི་འཇོག་པ”ལག་བསྟར་བྱས་པས་མང་ཚོགས་ལ་བྱ་བ་བསྒྲུབ་པར་སྟབས་བདེ་ཆེན་པོ་བསྐྲུན་ཡོད།

    ཧོ་ཤིང་མའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ས་ཁུལ་གྱི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་བརྟག་ཞིབ་ཚོགས་ཆུང་གིས་ད་དུང་ས་ཁུལ་གྱི་རྫོང་7གྱི་ཤང(གྲོང་རྡལ)32དང་གྲོང་ཚོ(གྲོང་ལྷན)85དང་ལྷག་པར་དུ་རྨང་གཞི་ཞན་པའི་གཞི་རིམ་དུ་བསྐྱོད་དེ་བརྟག་ཞིབ་བྱས་པ་དང་། “དཀའ་གནད་དང་རྙོག་དྲ་ཆེ་བའི་གནད་དོན”ཤེས་རྟོགས་གཏིང་ཟབ་བྱས་པ། “གནད་དོན་གྱི་གསལ་ཐོ”རེ་རེ“ཞབས་ཞུའི་གསལ་ཐོ”དང“ཕན་འབྲས་ཀྱི་གསལ་ཐོར”འགྱུར་བ་བྱས་པ། ཏང་ཡོན་ལས་བྱེད་པས་ལས་གནས་བརྟན་སྲུང་གིས་མང་ཚོགས་ལ་ཞབས་འདེགས་ཞུས་ཏེ“མཐའ་མའི་འགག་གནད”བསལ་བས། མཐར་གསལ་ཐོ་དེ་དག“བློ་ཡིད་ཚིམ་པའི་གསལ་ཐོར”གྱུར་ཡོད།

    བྱ་བ་དངོས་བསྒྲུབ་རྒྱུ་དར་སྲོལ་དུ་འགྱུར་བ་བྱས་པ།

    མངའ་རིས་སུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོས་སྔར་ཡོད་ཀྱི“བཀག་རྒྱ”ལས་བསྒྲལ་བ་སྟེ། ཏང་ཡོན་ལས་བྱེད་པའི་སློབ་སྦྱོང་སློབ་གསོ་དེ་ལས་བྱེད་པ་དང་མང་ཚོགས་དབར་མཉམ་དུ་ལས་དོན་སྒྲུབ་པའི་སྟོབས་ཤུགས་སུ་འགྱུར་བ་བྱས་ཡོད།

    མངའ་རིས་ས་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་ལུའུ་ཆིང་ཧྲན་གྱིས་མཐའ་སྲུང་དཔུང་སྡེར་སྒོར་ཁྲི་100ལྷག་ཙམ་གྱི་དངོས་ཟོག་གྲབས་གསོག་བྱས་པའི་ནང་གཏེར་ཆུ་སོགས་ཚུད་ཡོད། འོན་ཀྱང་རི་ལམ་ཀྱག་ཀྱོག་ཆེ་བས་དངོས་ཟོག་སྐྱེལ་འདྲེན་ཐད་དཀའ་ངལ་ཕྲད།

    མཐའ་མཚམས་གྲོང་ཚོ་ཞིག་གི་ཏང་ཡོན་དང་གྲོང་མི་ཚོས་རང་འགུལ་ངང“ང་ཚོ་ས་བབ་མཐོ་བའི་ཁོར་ཡུག་འོག་འཚོ་གནས་བྱེད་རྒྱུར་གོམས་ཡོད་ལ་འགྲོ་ལམ་ཡང་རྒྱུས་མངའ་ཡོད་པས། ང་ཚོས་རིན་མེད་དུ་བསྐྱལ་ཆོག”ཅེས་མ་སྐུལ་དང་ལེན་ཞུས་པ་རེད།

    མི་དམངས་བུ་ཕྲུག་དམག་གི་ཆེད་དུ་མི་སེར་གྱིས་ཐོབ་ཆར་སྣང་བ་འཇོག་གི་མེད། འོན་ཀྱང་སྐྱེལ་འདྲེན་ཆ་རྐྱེན་ནི་བསམ་ཚོད་ལས་འདས་པའི་དཀའ་ངལ་ཧ་ཅང་ཆེན་པོ་ཡོད། གྲོང་ཚོའི་ཏང་ཀྲི་པུའི་སྣེ་ཁྲིད་འོག་གྲོང་མི་ཚོས་རྡོག་ཁྲེས་རྣམས་རང་ཁྱིམ་གྱི་རྟ་དྲེལ་དང་ཁལ་གཡག་ལ་བཀལ་ཏེ་དཔོན་དམག་ཚོར་སྐྱེལ་གྱི་ཡོད། ལུའུ་ཆིང་ཧྲན་གྱིས“དེ་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང‘དེ་བས་གསུམ’གྱི་ཆེད་དོན་སློབ་གསོ་སྤེལ་ཚུན་གྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཐོན་པའི་མི་སེམས་འགུལ་བའི་དཔེ་མཚོན་ཞིག་རེད”ཅེས་སེམས་འགུལ་ཐེབས་བཞིན་བཤད།

    “ངས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་ནི་ཏང་གི་མང་ཚོགས་ལམ་ཕྱོགས་ཀྱི་ཐབས་མཆོག་ཅིག་སྟེ། དེ་ནི་གུང་ཁྲན་ཏང་གིས་མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་མང་ཚོགས་ཀྱིས་སེམས་གཏིང་ནས་ཏང་གི་བཀའ་དྲིན་ཚོར་བ་དེ་ཡིན།

    “‘ངས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པའི’ལག་ལེན་བྱེད་སྒོ་བརྒྱུད། མང་ཚོགས་ལ་ཞབས་འདེགས་ཞུ་བའི‘མཐའ་མའི་འགག་གནད’བསལ་ཡོད” “དེ་བས་གསུམ”གྱི་མངའ་རིས་ཀྱི་ཆེད་དོན་སློབ་གསོའི་གཞུང་ལས་ཁང་གི་ལས་དོན་པ་ཙོའུ་ཚུང་གིས། ད་ཆ་མངའ་རིས་སུ་ཏང་ཡོན་ལས་བྱེད་པ་ནི“ལས་བྲེལ་ཆེ་ཤོས”ཡིན་ཞིང་། ཏང་ཡོན་ལས་བྱེད་པ་ཚོས་མང་ཚོགས་ཀྱི་དཀའ་སྡུག་ལ་དོ་ཁུར་དང་། མང་ཚོགས་ཀྱི་རེ་སྒུག་སེལ་བ། མང་ཚོགས་ཀྱི་ལམ་ཕྱོགས་ལག་བསྟར་བཅས་བྱས་ཏེ། དབུལ་སྒྲོལ་དུད་ཚང་གི་རྗེས་སྙེག་ལས་དོན་སྤེལ་བ་དང་། མི་ཧྲེང་རྒན་རྒོན་ལ་འཚམས་འདྲི་བྱེད་པ། ཞིང་འབྲོག་པར་རླུང་འཕྲིན་བརྙན་འཕྲིན་སྒྲིག་ཆས་བདག་སྐྱོང་དང་ཉམས་གསོ་སོགས་བྱས་ཏེ་མང་ཚོགས་ལ་བྱ་བ་དངོས་དང་བྱ་བཟང་ཡག་པོ་སྒྲུབ་བཞིན་ཡོད་ཅེས་བཤད།

    དམངས་འཚོའི“རྒྱུགས་ལན”ཡག་པོ་འབུལ་རྒྱུ་དེ་མང་ཚོགས་ལ་ཞབས་འདེགས་ཞུ་བའི“སྒུལ་ཤུགས”སུ་འགྱུར་བ་བྱས་པ།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་ཇི་ལྟར་བྱས་ནས་གཏིང་ཟབ་སྤེལ་ཡོད་དམ་ཞེ་ན། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་རྒོད་མོ་ཤང་གི་ཤང་ཀྲང་གཞོན་པ་ཧུའུ་ཧུང་ཐའོ་ལ་བག་ཆགས་ཟབ་ཤོས་བྱུང་བ་ནི་ས་ཆ་དངོས་སུ་གཞུང་དོན་སྒྲུབ་ཐེངས་ཤིག་རེད།

    ཉིན་ཤས་གོང་། མངའ་རིས་ས་ཨུད་ཀྱི་ཧྲུའུ་ཅི་ཀྲུའུ་ཀྲུང་ཁུའེ་སེང་གེ་ཁ་འབབ་གྲོང་རྡལ་དང་བར་ཐག་སྤྱི་ལེ་700ལྷག་ཙམ་དང་ས་བབ་མཐོ་ཚད་སྨི་4900ལྷག་ཙམ་ཡོད་པའི་རྒོད་མོ་ཤང་དུ་བརྟག་ཞིབ་བྱེད་པར་བསྐྱོད། རྒོད་མོ་ཤང་སློབ་ཆུང་གི་སློབ་གྲྭའི་དྲོད་རླངས་འཕྲུལ་ཆས་ལ་སྐྱོན་ཤོར་བ་དང་། གནམ་གཤིས་གྲང་ངར་ཆེ་བས་བྱིས་པ་ཚོའི་ལག་པ་འཁྱགས་ནས་དམར་པོར་གྱུར་པ་ཤེས། ཀྲུའུ་ཀྲུང་ཁུའེ་ཡིས་འཕྲལ་མར་རང་སར་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་སྡེ་ཚན་ལ་འཕྲལ་དུ་གནད་དོན་ཐག་གཅོད་བྱེད་དུ་བཅུག་པ་རེད། ད་ཆ་ཕྲུ་གུ་ཚོ་སློབ་ཚན་ཚོགས་སྐབས་ཚ་སོབ་སོབ་ཡོད་པ་རེད།

    “ཕྲུ་གུ་ནི་མེས་རྒྱལ་གྱི་མེ་ཏོག་ལྟ་བུ་ཡིན་པས་ང་ཚོས་ངེས་པར་དུ་ཁོང་ཚོར་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་གཏོད་དགོས” ཀྲུའུ་ཀྲུང་ཁུའེ་ཡིས“ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི‘ངས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པའི’ལག་ལེན་བྱེད་སྒོ་སྤེལ་དོན་ནི་ཐག་རིང་ལུང་ཁུག་ཏུ་གནས་པའི་ཕྲུ་གུར་ཡང་སློབ་ཁྲིད་ཀྱི་ཆ་རྐྱེན་བཟང་པོ་ལོངས་སུ་སྤྱོད་ཐུབ་ཆེད་རེད”ཅེས་བརྩེ་བ་ཟབ་མོས་བརྗོད།

    “དུས་རབས་ནི་རྒྱུགས་འདོན་མཁན་དང་། ང་ཚོ་ནི་རྒྱུགས་སྤྲོད་མཁན། མི་དམངས་ནི་རྒྱུགས་བཅོས་མཁན་རེད”མངའ་རིས་ས་ཁུལ་གྱི་ཏང་ཡོན་ལས་བྱེད་པས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་ཁྲོད“ངས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པའི”དུས་རབས་འདིའི“རྒྱུགས་ལན”ལྷག་བསམ་རྣམ་དག་གིས་བརྒྱབ་པས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་ཕུགས་བསམ་དད་སེམས་སྔར་བས་བརྟན་དུ་ཕྱིན་པ་དང་ལས་སྒྲུབ་ལས་གཏོད་ཀྱི་བསམ་བློའི་ཐུན་མོང་ངོས་འཛིན་དང་མཉམ་ཤུགས་ཆེན་པོ་ཞིག་ཆགས་ཡོད།

    ཞིང་འབྲོག་ཁུལ་གྱི་མང་ཚོགས་ཁྲོད་བྱུང་བའི་འགྱུར་ལྡོག་ཆེ་ཤོས་ནི་སྔོན་ཆད་སྒུག་རྟེན་སློང་གསུམ་གྱི་བསམ་བློ་ཚབས་ཆེན་ཡོད་པ་ནས་ད་ཆ་དཀའ་སྤྱད་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་རྒྱུའི་བར་བསམ་བློར་འགྱུར་ལྡོག་བྱུང་བ་དེ་རེད།

    གྲངས་གཞི་འདི་འདྲ་ཞིག་ཡོད་པ་སྟེ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་བྱ་བ་དངོས་སྒྲུབ་པའི་ལྷུ་ཚིགས་ནང་མངའ་རིས་ས་ཁུལ་གྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་གྱིས་འཐབ་ས་དང་པོའི་མང་ཚོགས་12680ལ་བཅར་འདྲི་ཞུས་པ་དང་། གྲོང་ཚོ་དང་། སློབ་གྲྭ དགོན་སྡེ་བཅས་སུ་བརྟག་དཔྱད་ཞིབ་འཇུག་ཐེངས་860བྱས་པ་རེད།

    འདི་ནི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོ་ལས་ཕན་འབྲས་ཐོན་པ་སྟེ། མ་གཞི་དེ་ནི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བཟུང་མོད། འོན་ཀྱང་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་བསྟུན་ནས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པ་དཀྱུས་མའི་བར་རྒྱུན་སྲིང་ཐུབ་ནས་དམངས་འཚོར་དོ་ཁུར་བྱེད་པར་དམིགས་པ་དང་། “ངས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པའི”དར་སྲོལ་ཆགས་ཡོད།

    ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང“དེ་བས་གསུམ”གྱི་ཆེད་དོན་སློབ་གསོའི་གྲུབ་འབྲས་དེ་སློབ་གསོ་ཁོ་ན་ཙམ་མིན་པར་དེ་བས་མང་བ་ནི་སློབ་སྦྱོང་སློབ་གསོ་བརྒྱུད་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི“ངས་མང་ཚོགས་ཆེད་དུ་བྱ་བ་དངོས་སྒྲུབ་པའི”སྒུལ་ཤུགས་གསར་པ་འཕེལ་བར་བྱས་ཏེ་མངའ་རིས་ཀྱི་གོམ་སྟབས་རྗེས་མར་འགོ་གསར་པ་འཛུགས་པ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པར་རྨང་གཞི་བརྟན་པོ་འདིང་རྒྱུ་དེ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།