དབུ་ཤོག>ཆེད་སྒྲིག
  • “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱི་རྩྭ་འདེབས་ལས་རིགས་ཀྱི་ཚན་རྩལ་གསར་གཏོད་ལ་གྲུབ་འབྲས་ཆེན་པོ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-21

    “ལོ་ལྔ་ཚན་བཅུ་གསུམ་པའི”རིང་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གིས་ལྗོངས་ཕྱི་ནང་གི་རྩྭ་འདེབས་ལས་རིགས་ལག་རྩལ་གསར་གཏོད་ཚོགས་པ་སྤྱི་འདོམས་བྱས་ཏེ། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་4800བཏང་ནས“འབྲོག་རྩྭའི་སྤུས་ཀ་ལེགས་གཏོང་དང་སྤྱོད་པའི”ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་ལག་བསྟར་བྱས་པར་བརྟེན་འབྲོག་རྩྭ་འདེབས་འཛུགས་དང་། འདེབས་འཛུགས་ཀྱི་འགག་རྩའི་ལག་རྩལ། རྩྭའི་ཐོན་རྫས་ལས་སྣོན་ལག་རྩལ། རྩྭ་ཐང་ཞན་སྒྱུར་བཅོས་སྒྲིག་སོགས་ལ་གྲུབ་འབྲས་གལ་ཆེན་ཐོབ་སྟེ་རང་ལྗོངས་ཀྱི་འབྲོག་ལས་ཕྱོགས་སྒྱུར་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་འདེགས་སྐྱོར་ནུས་ལྡན་མཁོ་འདོན་ཐུབ་ཡོད།

    གཟན་རྩྭ་འདེབས་འཛུགས་ཀྱི་འགག་རྩའི་ལག་རྩལ་ལ་འབད་བརྩོན་བྱས་ཤིང་། གཟན་རྩྭ་དང་། གྲོ་སྨུག གྲོ་རྩྭ་སྨུག་པོ། གྲོ་རྩྭ་སྔོན་པོ་སོགས་རང་ལྗོངས་སུ་འདེབས་འཛུགས་བྱེད་མང་བའི་འབྲོག་རྩྭ་བརྒྱད་ཐོན་མཐོ་འདེབས་འཛུགས་ལག་རྩལ་གྱི་བརྒྱུད་རིམ་དང་ཚད་གཞི་ཞིབ་འཇུག་བྱས་ནས་བཟོས་ཡོད། རྩྭ་སོན་སྣ་ཁ་འདེབས་འཛུགས་ལག་རྩལ་གྱི་བརྒྱུད་རིམ་བཟོས་པ། གྲོ་སྨུག་དང་ཡུ་གུ་འདེབས་འཛུགས་ལག་རྩལ་དང“ལོ་གཅིག་ལ་སྟོན་ཏོག་གཉིས”ཀྱི་གཟན་རྩྭ་ཐོན་སྐྱེད་ལག་རྩལ་དང་འབྲུ་དང་གཟན་རྩྭ་བསྐྱར་འདེབས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་ལག་རྩལ་ཞིབ་འཇུག་བྱས་པ། བོད་ཀྱི་ས་བབ་མཐོ་ཚད་སྨི་4600མན་གྱི་ས་ཁོངས་སུ་རྩྭ་འདེབས་ཐད་འབྲོག་རྩྭའི་སྣ་ཁ་དང་འོས་འཚམ་གྱི་ལེ་ལག་ལག་རྩལ་མ་ལག་རིམ་གྱིས་བསྐྲུན་པ་བཅས་བྱས་ཏེ། རང་ལྗོངས་ཀྱི་འབྲོག་རྩྭ་ཚད་ལྡན་ཅན་དང་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་ལ་ལག་རྩལ་མཁོ་འདོན་བྱས་ཡོད།

    དབུལ་སྒྲོལ་འགག་སྒྲོལ་གྱི་ཐོན་ལས་འཕེལ་རྒྱས་ལ་གཞོགས་འདེགས་བྱས་ཤིང་། རིམ་རྩིས་བྱས་ན་མཉམ་ལས་ཁང་གི་གཉེར་སྐྱོང་དོ་དམ་མི་སྣ་དང་གཞི་རིམ་གྱི་ལག་རྩལ་མི་སྣ་139གསོ་སྐྱོང་བྱས་པ་དང་། ཞིང་འབྲོག་པ་མི་ཐེངས་2000ཙམ་ལ་གསོ་སྦྱོང་བྱས་པ། མཉམ་ལས་ཁང་དང་ཁེ་ལས་སོགས་གཉེར་སྐྱོང་བྱེད་པོ་གསར་པ་ཁག་དྲུག་སྐྱེད་སྲིང་བྱས་པ། རིམ་རྩིས་བྱས་ན་ཚད་ལྡན་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་5ཟིན་ནས་གཟན་རྩྭ་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་50ཡན་ལ་སྣེ་ཁྲིད་ཐུབ་པ། ས་གནས་ཁག་ཏུ་རྩྭ་འདེབས་ཚན་རྩལ་དབུལ་སྐྱོར་བྱེད་ཐབས་བསྐྲུན་པ་དང་ཚད་ལྡན་དུ་བཏང་བ། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་294རྩྭ་འདེབས་ལས་རིགས་ཀྱི་ཚན་རྩལ་དབུལ་སྐྱོར་ནང་ཞུགས་པས་ལོ་རེར་དུད་ཚང་རེར་འབབ་འཕར་སྒོར་2000ནས་5000བར་བྱུང་ནས་རྣམ་གྲངས་ཁུལ་ཡུན་རིང་དང་བརྟན་པོའི་ངང་དབུལ་སྒྲོལ་ཐུབ་པར་འདེགས་སྐྱོར་མཁོ་འདོན་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།