དབུ་ཤོག>ཆེད་སྒྲིག
  • མི་ཚེ་གཅིག་ལ་འབད་འཐབ་བྱེད་ཐེངས་ག་ཚོད་ཡོད་དམ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-21

    677652_yis_1624204800000_s.jpg

    འདི་ནི་རོང་གོ་ཐོན་གྱི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    རོང་གོ་ཐོན་ནི་ཀྲུང་གོ་གསར་པར་འཛམ་གླིང་གི་ཨང་དང་པོ་ལེན་མཁན་དང་པོ་དེ་རེད་ལ། འཛམ་གླིང་གི་ཨང་དང་པོ་ལེན་མཁན་ཚོགས་པ་དང་པོའི་རུ་ཁག་གི་ཁོངས་མི་ཞིག་ཀྱང་རེད། ད་དུང་བུད་མེད་ཀྱི་ཚོགས་པའི་སྣེ་ཁྲིད་དེ་འཛམ་གླིང་གི་ཨང་དང་པོ་ཐོག་མར་བླངས་མྱོང་།

    རོང་གོ་ཐོན་ནི་1937ལོར་ཤང་ཀང་གི་མཚོ་འགྲུལ་གྲུ་པའི་ཁྱིམ་ཚང་ཞིག་ཏུ་འཁྲུངས། ཐོག་མར་ཕ་ཡུལ་ཀོང་ཏུང་ཀྲུའུ་ཧའེ་ཡི་ཕྱིར་སྡོད་རང་མིའི་སློབ་གྲྭ་ཞིག་ཏུ་སློབ་སྦྱོང་གནང་ནས་སྦྱངས་འབྲས་ཕུལ་དུ་བྱུང་ཞིང་། སྤོ་ལོ་རྒྱག་རྒྱུར་ཡང་ཧ་ཅང་དགའ་པོ་ཡོད། 1948ལོའི་ལོ་འགོར། ཤང་ཀང་གི་བྱམས་ལྡན་བྱིས་སློབ་ལ་བསྒྱུར། 1957ལོའི་ཟླ་2པར་ཤང་ཀང་ཡོངས་ཀྱི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ལ་རོང་གོ་ཐོན་གྱིས་བཟོ་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚབ་ཞུས་ནས་འགྲན་བསྡུར་ལ་ཞུགས་ནས་རུ་མི་དང་མཉམ་དུ་སྐྱེས་པའི་ཚོགས་པ་དང་། སྐྱེས་པའི་རྐྱང་རྒྱག སྐྱེས་པའི་ཆ་རྒྱག་བཅས་ཀྱི་ཨང་དང་པོ་བླངས། ལོ་དེའི་ཟླ་9པར། རོང་གོ་ཐོན་གྱིས་ཤང་ཀང་དང་ཨའོ་མོན་གྱི་ཕིང་ཕང་སྤོ་ལོའི་རུ་ཁག་གི་རུ་མིའི་ངོས་ནས་པེ་ཅིང་དང་། ཧྲང་ཧའེ། ཧང་ཀྲོའུ་བཅས་སུ་འཚམས་འདྲིར་བསྐྱོད་དེ་མེས་རྒྱལ་ཡར་ངོའི་ཟླ་ལྟར་འཕེལ་བཞིན་པའི་དཔྱིད་ཀྱི་རྣམ་པ་དངོས་སུ་མཐོང་། ཟླ་གཉིས་ཀྱི་རྗེས་སུ་ཁོང་གིས་བློ་ཐག་ཆོད་པོས་ལུའོ་ཧུའུ་ཟམ་པ་བརྒལ་ནས་མེས་རྒྱལ་གྱི་པང་དུ་ལོག

    1959ལོའི་དཔྱིད་ཀར། འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སྐབས་ཉེར་ལྔ་པ་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་གྱི་ཏུའོ་ཐེ་མེང་ཏེར་སྤེལ། ཟླ་4ཚེས་5ཉིན་སྐྱེས་པའི་རྐྱང་རྒྱག་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་རོང་གོ་ཐོན་གྱིས་འཛམ་གླིང་གི་ཨང་དང་པོ་9ཐོབ་མྱོང་བའི་ཧང་ག་རིའི་རུ་མི་རྙིང་པ་ཤིས་ཏུའོ་ལ་ཁ་གཏད་བཅག དེ་གོང་རོང་གོ་ཐོན་གྱིས་འཇོན་ཐང་ཆེ་བའི་མི་6ལས་རྣམ་པར་རྒྱལ་ཡོད།

    རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་ཐེངས་དང་པོར་ཕམ་ཁ་འཁེལ་ཞིང་། དེའི་རྗེས། རོང་གོ་ཐོན་བསྟུད་མར་ཐེངས་གསུམ་རྒྱལ་ནས་ཨང་དང་པོ་བླངས་པས་མི་སྒེར་གྱི་ཆུ་ཚད་མཐོ་ཤོས་མཚོན་པའི་ཧྲེང·པོ་ལའེ་ཏི་བུམ་པའི་ཐོག་ཀྲུང་གོ་བའི་མིང་ཐོག་མར་བཀོད།

    1961ལོར། འཛམ་གླིང་ཕིང་ཕང་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་སྐབས་ཉེར་དྲུག་པ་པེ་ཅིང་དུ་གཉེར་བ་དང་ཀྲུང་གོ་དང་རི་པིན་རུ་ཁག་གཉིས་ཀྱིས་འགྲན་བསྡུར་ཛ་དྲག་པོ་བྱས་པ་རེད། རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་མ་བྱས་གོང་། རོང་གོ་ཐོན་གྱིས་ཁོང་གི་མི་ཚེའི་སྙིང་སྟོབས་མཚོན་པའི་གསུང་ཚིག་གྲགས་ཅན“མི་ཚེ་གཅིག་ལ་འབད་འཐབ་བྱེད་ཐེངས་ག་ཚོད་ཡོད་དམ། སྐབས་འདི་དུས་འབད་བརྩོན་མ་བྱས་ན་ག་དུས་བྱེད་དམ”ཞེས་ངར་ཤུགས་ཆེན་པོས་བརྗོད། མཐར་ཀྲུང་གོའི་རུ་ཁག་གིས་5བསྡུར་3གྱི་ཐོག་ནས་རི་པིན་རུ་ཁག་ལས་རྣམ་པར་རྒྱལ་ནས་འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་གྱི་སྐྱེས་པའི་ཚོགས་པའི་ཨང་དང་པོ་ཐོག་མར་བླངས་པ་རེད།

    1965ལོའི་དཔྱིད་ཀར། འཛམ་གླིང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སྐབས་ཉེར་བརྒྱད་པ་ཡུ་ཀོ་སི་ལ་ཝི་ཡའི་ལུའུ་པུར་ཡ་ནར་འགོ་ཚུགས་སྐབས། རོང་གོ་ཐོན་གྱིས་རྩལ་ཁྲིད་ཀྱི་འགན་འཁུར་ནས་ལོ་གཉིས་སོང་ཟིན་པ་དང་། བུད་མེད་རུ་ཁག་གི་རྩལ་ཁྲིད་པ་གཙོ་བོ་བྱས་ནས་ཟླ་བཞི་ལས་སོང་མེད། དེ་ལྟར་ཡིན་ནའང་། ཁོས་གིས་གདེང་ཚོད་ཆེན་པོས་བཀོད་འདོམས་བརྟན་པོ་གནང་། ཀྲུང་གོའི་བུད་མེད་རུ་ཁག་གིས་མངོན་གསལ་དོད་པའི་ལེགས་ཆའི་ཐོག་ནས་ཨང་དང་པོ་ཐེངས་དྲུག་བླངས་མྱོང་ཡོད་པའི་རི་པིན་རུ་ཁག་ལས་རྒྱལ་བར་བྱས་ནས་ཁའོ་པི་ལུན་བུམ་པ་ཐེངས་དང་པོ་བླངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།