34.སྤྱོད་ཚུལ་བཟང་པོ་གསུམ།
མའོ་ཙེ་ཏུང་གིས་ཏང་གི་ཚོགས་ཆེན་བདུན་པའི་སྙན་སྒྲོན་ནང་ཀྲུང་གོ་གུང་ཁྲན་ཏང་གི་སྤྱོད་ཚུལ་བཟང་པོ་གསུམ་སྟེ་རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་སྤྱོད་ཚུལ་དང་། མི་དམངས་མང་ཚོགས་དང་འབྲེལ་གཏུག་དམ་ཟབ་བྱེད་པའི་སྤྱོད་ཚུལ། རང་སྐྱོན་རང་བརྗོད་བྱེད་པའི་སྤྱོད་ཚུལ་བཅས་ཡིན་ཞེས་བཏོན་གནང་ཡོད།
35.ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ།
1945ལོའི་ཟླ་9ཚེས་2ཉིན། རི་པིན་གྱིས་མགོ་བཏགས་ཞུ་བའི་ཡི་གེར་མིང་རྟགས་བཀོད་དེ་ཀྲུང་གོའི་རི་འགོག་དམག་འཁྲུག་རྒྱལ་ཁའི་ངང་མཇུག་འགྲིལ་བ་དང་། ཟླ་9ཚེས་3ཉིན་ཀྲུང་གོའི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་དྲན་གསོའི་ཉིན་མོར་གཏན་འཁེལ་བྱས་ཡོད།
36.ཁྲུང་ཆིང་གི་གྲོས་མོལ།
1945ལོའི་ཟླ་8ཚེས་28ཉིན། མའོ་ཙེ་ཏུང་གིས་ཀྲོའུ་ཨེན་ལའེ་དང་ཝང་རུའོ་ཧྥེ་དང་མཉམ་དུ་ཁྲུང་ཆིང་ལ་ཕེབས་ནས་གོ་མིན་ཏང་གི་དབང་འཛིན་ལས་ཁུངས་དང་གྲོས་མོལ་གནང་བ་རེད། གྲོས་མོལ་དེ་ཟླ་8ཚེས་29ཉིན་ནས་འགོ་བཙུགས་པ་དང་ཟླ་10ཚེས་10ཉིན་མཇུག་འགྲིལ་ཞིང་། གོ་མིན་ཏང་དང་གུང་ཁྲན་ཏང་ཕྱོགས་གཉིས་ཀྱིས་གྲོས་མོལ་གྱི་གནད་བསྡུས་ལ་མིང་རྟགས་བཀོད་པར་བཅུ་པའི་ཚེས་བཅུ་ཉིན་གྱི་གྲོས་དོན་ཞེས་འབོད།
37. ཕྱོགས་ཡོངས་ནས་ནང་འཁྲུག་ལངས་པ།
1964ལོའི་ཟླ་6ཚེས་26ཉིན། གོ་མིན་ཏང་གི་དམག་དཔུང་གིས་ཧུའུ་པེ་དང་ཧོ་ནན་ས་མཚམས་ཀྱི་ཤོན་ཧྭ་ཏན་གཙོ་བོར་བྱས་པའི་ཀྲུང་ཡོན་བཅིངས་འགྲོལ་ཁུལ་སྐོར་བཅོམ་བྱེད་འགོ་བཙུགས་ཏེ་བཅིངས་འགྲོལ་ཁུལ་ལ་གཞི་ཁྱོན་ཆེ་བའི་ཕར་རྒོལ་བྱས་པས། དུས་དེ་ནས་བཟུང་ཕྱོགས་ཡོངས་ནས་ནང་འཁྲུག་ལངས་འགོ་ཚུགས་ཡོད།
38.《ཀྲུང་གོའི་ས་ཆའི་བཅའ་ཁྲིམས་ཀྱི་རྩ་འཛིན》
1947ལོའི་ཟླ་10ཚེས་10ཉིན་དངོས་སུ་ཁྱབ་བསྒྲགས་བྱས་ཤིང་། དེ་ནི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་རྗེས་ཀྲུང་གོ་གུང་ཁྲན་ཏང་གིས་ཡོངས་བསྒྲགས་བྱས་པའི་ས་ཆའི་ལམ་ལུགས་སྒྱུར་བཅོས་སྐོར་གྱི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཨང་དང་པོ་དེ་རེད། (མུ་མཐུད་འགོད་རྒྱུ)