དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-20

    ★1992ལོའི་ཟླ་11པར། སྐམ་ས་ཆེན་པོའི་ངོགས་གཉིས་ཀྱི་འབྲེལ་བ་མཐུན་ཚོགས་ཀྱིས་ཐའེ་དབན་གྱི་མཚོ་འགག་སྤེལ་རེས་ཐེབས་རྩ་ལྷན་ཚོགས་དང་མཉམ་དུ་ཚོགས་འདུ་གཉིས་ཀྱི་དོན་གནད་རང་བཞིན་ཐག་གཅོད་བྱེད་པའི་གྲོས་མོལ་བྱེད་རིང་། ངག་ཐོག་ནས་བཞག་པའི“མཚོ་འགག་ངོགས་གཉིས་ཀས་ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱ་རྒྱུ་ཡིན”ཞེས་པའི་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པ་དང་དེར་ཕྱིས་སུ“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”ཞེས་བརྗོད།

    ★1998ལོའི་ཟླ་11ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་གིས《རྫོང་རིམ་པ་ཡན་གྱི་ཏང་སྲིད་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ཁྲོད“སློབ་སྦྱོང་ལ་སྣང་ཆེན་དང་། ཆབ་སྲིད་ལ་སྣང་ཆེན། སྤྱོད་བཟང་ལ་སྣང་ཆེན”བཅས་ནང་དོན་གཙོ་བོར་བྱས་པའི་ཏང་གཤིས་དང་ཏང་སྲོལ་སློབ་གསོ་གཏིང་ཟབ་སྤེལ་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ཡོད། དུས་དེ་ནས་བཟུང“སྣང་ཆེན་གསུམ”གྱི་སློབ་གསོ་སྤེལ་འགོ་ཚུགས་ཡོད།

    ★1997ལོའི་ཟླ་6ཚེས་30ཉིན་ནས་ཟླ་7ཚེས་1ཉིན་གྱི་ཆུ་ཚོད་ཀླད་ཀོར་ཐོག ཀྲུང་གོ་དང་དབྱིན་ཇི་རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གིས་ཤང་ཀང་དུ་ཤང་ཀང་གི་སྲིད་དབང་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་གཟབ་རྒྱས་འཚོགས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཅང་ཙེ་མིན་གྱིས་ཀྲུང་གོས་ཤང་ཀང་ལ་འཛིན་པའི་བདག་དབང་དབང་ཆ་སླར་གསོ་བྱུང་བ་དང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དངོས་སུ་བཙུགས་པ་བརྗིད་ཉམས་ལྡན་པའི་སྒོ་ནས་ཁྱབ་བསྒྲགས་གནང་བ་རེད། (མུ་མཐུད་འགོད་རྒྱུ) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།