དབུ་ཤོག>ཆེད་སྒྲིག
  • ཁྲེང་ཀོན་ཆུས་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-18

    ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་ཏང་ཀྲི་པུས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་འཆད་ཁྲིད་བྱེད་སྒོ་སྤེལ་བ་རེད།

    སྡེ་ཁུལ་གྱིས་ལྷ་ས་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་ དགེ་རྒན་སྐལ་བཟང་ཚེ་རིང་གདན་དྲངས་ཏེ་སྡེ་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ལ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་སློབ་ཚན་ཁྲིད་པ་རེད། སྐལ་བཟང་ཚེ་རིང་གིས་སློབ་ཚན་འཁྲིད་སྐབས་དང་ཐོག་ཀྲུང་གོ་གུང་ཁྲན་ཏང་གིས་རྒྱལ་ཡོངས་མི་དམངས་ཀྱི་སྣེ་ཁྲིད་དེ་འབད་འཐབ་བྱས་པའི་ལོ་ངོ་བརྒྱའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་དེ་ནས་རིམ་བཞིན་ཏང་གི་ལོ་རྒྱུས་སློབ་སྦྱོང་བྱེད་དགོས་དོན་དང་། ཀྲུང་གོ་གུང་ཁྲན་ཏང་གི་འབད་འཐབ་ལོ་རྒྱུས། ཀྲུང་གོ་གུང་ཁྲན་ཏང་གི་གྲུབ་འབྲས་ཐོབ་པའི་ལམ་བུ་སོགས་ཐད་ཀྱི་རྩ་ཆེའི་ཉམས་མྱོང་གསེད་བཀྲོལ་བྱས་པ་མ་ཟད། ཚང་མའི་བསམ་བློའི་བློ་སྒོ་ཕྱེ་བ་དང་ཆབས་ཅིག་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དེ་ཉམས་མྱོང་ཕྱོགས་སྡོམ་དང་། དོན་དངོས་དང་བསྡུར་བ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱེད་དགོས་ལུགས་བསྟན་པ་རེད། 

    ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་སྡེ་ཁུལ་གྱི་ཏང་ཡོན་དང་། མང་ཚོགས། ལས་བྱེད་ལས་བཟོ་བཅས་ཀྱིས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་སྔར་བས་ཤེས་རྟོགས་བྱུང་བ་དང་ཚང་མས་སླད་ཕྱིན་རང་ཉིད་ནས་འགོ་བཙུགས་ཏེ“ལོ་རྒྱུས་སྦྱངས་ནས་གནས་ལུགས་གསལ་རྟོགས་དང་། ལོ་རྒྱུས་སྦྱངས་ནས་དད་སེམས་འཕེལ་བ། ལོ་རྒྱུས་སྦྱངས་ནས་སྤྱོད་བཟང་གོང་བཀུར། ལོ་རྒྱུས་སྦྱངས་ནས་ལག་ལེན་བསྟར་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་། དགོངས་དོན་རྟོགས་པ། བྱ་བ་དངོས་སྒྲུབ་པ། རྣམ་པ་གསར་པ་གཏོད་པ”བཅས་ཀྱི་དམིགས་ཚད་བླང་བྱ་མངོན་འགྱུར་ཡོང་བ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པ་ཚེ་རིང་གིས་གསར་འགོད་པར“ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་ཤེས་བྱ་སློབ་སྦྱོང་གཏིང་ཟབ་བྱེད་པར་རོགས་རམ་ཐུབ་པ་དང་ཏང་གི་ལོ་རྒྱུས་སྔར་བས་གསལ་རྟོགས་ཐུབ་སྟེ་ལས་སླ་པོར་བྱུང་བ་ཞིག་མིན་པའི་ད་ཆའི་བདེ་སྐྱིད་འཚོ་བར་གཅེས་སྤྲས་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་ཀ་ཧུར་ཐག་དང་འཚོ་བ་ཡག་པོ་སྐྱེལ་རྒྱུའི་རེ་བ་ཡོད”ཅེས་བཤད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།