
འདི་ནི་མོང་ཐའེ་ཕྱག་ལས་གནང་བཞིན་པ། (དཔྱད་གཞིའི་པར་རིས)
མོང་ཐའེ་ནི་1898ལོར་འཁྲུངས་པ་དང་ཧོ་པེ་ཧྥེང་རུན་རྫོང་ནས་རེད། 1926ལོར་ཨན་ཧྲན་དུ་ཕེབས་ནས་ལོ་དེར་རི་པིན་བས་གཉེར་བའི་ཀྲའོ་ཧོ་ལྕགས་བཟོ་ཁང་དུ་དགེ་ཕྲུག་བྱས། 1949ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས་ནས་ཨན་ཧྲན་བཅིངས་འགྲོལ་བཏང་རྗེས་ཀྱི་ཁག་དང་པོ་འཕེལ་རྒྱས་བཏང་བའི་ཐོན་ལས་བཟོ་པའི་ཏང་ཡོན་གྱི་གྲས་ཤིག་ཏུ་གྱུར།
ཨ་འགོག་ཁྲའོ་རོགས་དམག་འཁྲུག་རིང་། ཁོང་གིས་རང་འགུལ་ངང་བཟོ་གྲྭ་སྲུང་མཁན་ཞིག་བྱས་ཏེ་མཁའ་རྒོལ་གྱི་ཉེན་ཁར་མ་འཛེམ་པར་དུས་དང་རྣམ་པ་ཀུན་ཏུ་ལུས་པོས་ཁྲོ་ཐབ་སྲུང་སྐྱོབ་བྱེད་པའི་གྲ་སྒྲིག་བྱེད་ཀྱི་ཡོད།
མོང་ཐའེ་ཡི་བརྩོན་ཞིབ་སྙིང་སྟོབས་དང་དཀའ་སྤྱད་ལས་སྒྲུབ་ཀྱི་སྙིང་སྟོབས་གཉིས་ཀ་སྐད་གྲགས་ཡོད་ཅིང་། སྐད་གྲགས་ཆེ་བའི“མོང་ཐའེ་ཡི་ལས་ཀ་བྱེད་སྟངས”ནི་ཁོང་གིས་ལོ་མང་རིང་ཁྲོ་ཐབ་ཀྱི་ལས་ཀའི་ལག་ལེན་ཁྲོད་འཚོལ་ཞིབ་གནང་བའི་ལས་ཀའི་ཆོས་ཉིད་དང་བཀོལ་སྤྱོད་ལག་རྩལ་ཞིག་རེད། “ལོ་ལྔ་ཚན་དང་པོའི”འཆར་གཞི་འགོ་བརྩམས་རྗེས་ཁོང་གིས་ལས་རོགས་ཚོའི་སྣེ་འཁྲིད་དེ་ཐོན་སྐྱེད་བཟོ་རྩལ་དང་སྒྲིག་ཆས་ལ་ལག་རྩལ་སྒྱུར་བཀོད་བྱས་པ་དང་ཁྲོ་ཐབ་ཀྱི་རླུང་ཁ་རང་ཉིད་ནས་བཟོས་ཡོད། ད་དུང་ལག་རྩལ་གསར་སྒྱུར་གལ་ཆེན་60ལྷག་ཙམ་ལེགས་སྒྲུབ་གནང་ཡོད།
1964ལོར། མོང་ཐའེ་ཡིས་ཨན་ཀང་ངར་ལྕགས་བཙོ་སྦྱངས་བཟོ་གྲྭའི་འགོ་འཛིན་གཞོན་པའི་འགན་བཞེས། ཁོང་ལོ་60ལྷག་ཙམ་ལ་སླེབས་ཡོད་མོད། འོན་ཀྱང་སྔར་བཞིན་གོས་ཆེན་རྒས་ཀྱང་རི་མོ་གཞེས་ཞེས་པ་ལྟར་ངལ་རྩོལ་རྒྱུན་འཁྱོངས་ནས་གནང་གི་ཡོད། ཁོང་སྐུ་ངོ་མས“མོང་ཐའེ་ཡི་རྡོ་སོལ་བསྲེགས་མ་གསོག་ཆས”བཟོས་ཏེ་ལོ་ལྟར་རྒྱལ་ཁབ་ལ་རྡོ་སོལ་བསྲེགས་མ་ཏུན་ཁྲི་སྟོང་མང་པོ་གྲོན་ཆུང་བྱེད་ཀྱི་ཡོད།
ཁོང་གིས་བཟོ་གྲྭར་ཁྱིམ་ཚང་ལྟར་གཅེས་པ་དང་དཀའ་སྤྱད་ལས་གཏོད་གནང་ནས་ཨན་ཧྲན་ངར་ལྕགས་ཐོན་སྐྱེད་སླར་གསོ་དང་འཕེལ་རྒྱས་གཏོང་བར་བྱས་རྗེས་ཆེན་པོ་བཞག་ཅིང་། མའོ་ཙེ་ཏུང་གིས་མཇལ་འཕྲད་ཐེངས་བརྒྱད་གནང་མྱོང་བ་དང་། སྔ་རྗེས་སུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ།“འབད་འཐབ་པ་ཡག་ཤོས”དང“རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བའི”མཚན་སྙན་ཐོབ་ཡོད།
1967ལོའི་ཟླ་9པར། མོང་ཐའེ་ནད་གཞིས་རྐྱེན་པས་པེ་ཅིང་དུ་སྐུ་གཤེགས།