དབུ་ཤོག>ཆེད་སྒྲིག
  • ཁྱིམ་གཞིས་མཛེས་སུ་བཏང་། གྲོང་མི་སྐྱིད་སྣང་དོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-18

    “ང་དང་ནང་མི་གྲོང་ཁུལ་རྙིང་པར་གནས་སྡོད་བྱས་ནས་ལོ་50ལྷག་ཙམ་འགྲོ་ཡི་འདུག རབ་གསལ་སྡེ་ཁུལ་དང་ཀླུ་སྒུག་སྡེ་ཁུལ་གཉིས་ནི་གྲོང་ཁུལ་རྙིང་པའི་ལྟེ་བའི་ཁུལ་དུ་གནས་པས་འགྲོ་འོང་བྱེད་མཁན་མང་པོ་ཡོད་པའི་ཁར་གློག་སྒུལ་སྦག་སྦག་དང་། རྐང་འཁོར། ཚོང་ཁང་གིས་འགྲོ་ལམ་ཧམ་བཟུང་བྱེད་པ་སོགས་ཀྱི་གནད་དོན་མང་པོ་ཡོད་སྟབས་སྲང་ལམ་དུ་འཚང་ཁ་ཆེ་ལ་གྲོང་མི་ཕྱིར་སྐྱོད་སྐབས་སྟབས་བདེ་པོ་མེད། ཉེ་ཆར། སྡེ་ཁུལ་གཉིས་ཀྱིས་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་གཅིག་སྡུད་ཐོག་སྤེལ་བས་སྡེ་ཁུལ་ནང་ཁུལ་གྱི་ལམ་གུ་ཡངས་སུ་ཕྱིན་པ་དང་། འཚང་ཁ་ཡང་རྒྱག་མི་དགོས་པས་ང་ཚོའི་འཚོ་བ་སྔར་བས་སྟབས་བདེ་རུ་ཕྱིན་སོང”ཞེས་གྲོང་མི་ཚེ་གཡང་གིས་དགའ་སྤྲོ་ཆེན་པོས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཤེས་དཔལ་འཛུགས་གཏོད་ལས་དོན་དང་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཚོགས་འདུའི་འབྲེལ་ཡོད་བླང་བྱ་དང་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱ་ཆེད། རབ་གསལ་སྡེ་ཁུལ་དང་ཀླུ་སྒུག་སྡེ་ཁུལ་གྱིས་ཁོངས་གཏོགས་ཁུལ་གྱི་ཞིབ་ཕྲའི་དོ་དམ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྡེ་ཁུལ་གྱི་སྲང་ལམ་དོ་དམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། སྡེ་ཁུལ་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་བྱ་སྤྱོད་ཧུར་ཐག་སྤེལ་བ་བཅས་བྱས་ཏེ་སྡེ་ཁུལ་གྱི་གཟུགས་བརྙན་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་སྔར་བར་མཐོ་རུ་བཏང་བ་རེད།

    རབ་གསལ་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་རབ་གསལ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བཅོས་སྒྲིག་ལ་ཕན་འབྲས་ཐོན་ཆེད་རབ་གསལ་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་ཐབས་མང་མཉམ་སྤྱོད་ཀྱིས་གཙོ་གནད་ལམ་དུམ་དང་བཅོས་སྒྲིག་བྱེད་དཀའ་བའི་ལམ་དུམ་ལ་བཅོས་སྒྲིག་ཐེངས་མང་བྱས་པ་རེད། ཚན་ཁག་གིས་ཁུལ་ཁོངས་འགན་གཙང་ལེན་པའི་འགན་འཁྲི་ནན་དུ་གཏོང་བ་དང་། རླངས་འཁོར་འཇོག་སའི་བཅོས་སྒྲིག་ལ་དམ་འཛིན་བྱེད་པ། གད་སྙིགས་དབྱུག་སའི་སྒྲིག་ཆས་བཀོད་སྒྲིག་ལུགས་མཐུན་བྱེད་པ། ཚོང་ཁང་གིས་ཚད་ལྡན་ཚོང་གཉེར་བྱེད་པར་འགན་ལེན་བྱེད་པ། གང་བྱུང་དུ་སྦྱར་བའི་བརྡ་ཆར་སྔོན་འགོག་ནན་པོ་བྱེད་པ་བཅས་བྱས་པ་བརྒྱུད་ད་ཆ་སྡེ་ཁུལ་ནང་ཁུལ་དུ་གློག་སྒུལ་སྦག་སྦག་གོ་རིམ་ལྡན་པའི་ངང་འཇོག་པ་དང་འཕྲུལ་སྒུལ་འཁོར་རིགས་ཀྱིས་འགྲོ་ལམ་བཟུང་བའི་བྱེད་སྤྱོད་རྩ་བའི་ཆར་གཏན་འགོག་ཐུབ་ཡོད་ལ། ཚོང་ཁང་ཕྱིར་ཁྲོམ་འདོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་སྡེ་ཁུལ་གྱི་སྒྲིག་སྲོལ་སྤྱིའི་ཆ་ནས་ཡག་ཏུ་ཕྱིན་ཡོད་ཅེས་བཤད་པ་རེད།

    “སྲང་ལམ་གྱི་ཁོར་ཡུག་བཅོས་སྒྲིག་ལས་དོན་ཏན་ཏིག་ངང་ཡག་པོ་སྤེལ་ཆེད་ང་ཚོའི་སྡེ་ཁུལ་གྱིས‘ལམ་གཅིག་ལ་དཔོན་གཅིག’དང‘ཁྲོམ་གཅིག་ལ་དཔོན་གཅིག’གི་ལམ་དཔོན་ལམ་ལུགས་ཀྱི་དོ་དམ་བྱེད་སྟངས་སྤྱད་པ་དང་། གྲོང་ཁྱེར་འཛུགས་སྐྲུན་དང་། གྲོང་ཁྱེར་གྱི་རྣམ་པ། ཁོངས་གཏོགས་ཁུལ་གྱི་སྒྲིག་སྲོལ་བཅས་ལ་བཅོས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་རླངས་འཁོར་གང་སར་འཇོག་པ་དང་། ཅ་ལག་གང་སར་སྤུངས་བ། ཁྲོམ་བཀྱག་གང་སར་འདོན་པ། གང་བྱུང་སྔོག་པ། གང་བྱུང་འཛུགས་སྐྲུན་བྱེད་པ་སོགས་ཀྱི་གནད་དོན་ཚོད་འཛིན་ངེས་ཅན་ཐུབ་ནས་ལམ་བུ་ཤར་གཏོང་ཐུབ་ཚད་མངོན་གསལ་ཡག་ཏུ་ཕྱིན་པ་དང་། ཁོར་ཡུག་འཕྲོད་བསྟེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་ཁོངས་གཏོགས་ཁུལ་གྱི་ལམ་བུ“ཤར་གཏོང་དང་། བདེ་འཇགས། སྐྱིད་སྣང་དོད་པ། མཛེས་སྡུག་ལྡན་པ”བཅས་སུ་གྱུར་ཡོད། ‘སྒོ་རྩར་འགན་ལེན་ལྔའི’འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་པོ་བྱས་ཏེ་ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་ཁག་དང‘སྒོ་རྩར་འགན་ལེན་ལྔའི’འགན་འཁྲིའི་ཡི་གེ་བཞག་ནས་འགན་འཁྲི་དང་ལས་འགན་མི་སྒེར་ལ་དོན་འཁྱོལ་བྱས་པ་དང་ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་ལས་དོན་ལ་མཉམ་ཤུགས་ཆགས་པར་བྱས་པས་ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་ཧ་ཅང་ལེགས་སུ་སོང་ཡོད། ‘ལམ་ཐིག་བཅོས་སྒྲིག’བྱས་པ་ལས་ཁོངས་གཏོགས་ཁུལ་གྱི་འཁོར་རིགས་འཇོག་པའི་སྒྲིག་ལམ་ལེགས་སུ་སོང་ནས་འགྲོ་ལམ་ཤར་བགྲོད་ལ་འགན་ལེན་ཐུབ་པ་དང་། ‘རྡོ་བཀྱག་ཐོག་ཁྲོམ་འདོན་མི་ཆོག་པའི’དོ་དམ་བྱེད་སྟངས་སྤྱད་ནས་ཚོང་པ་ཁག་གཅིག་གིས་སྤྱི་པའི་འགྲོ་ལམ་བཟུང་ནས་ཁྲོམ་འདོན་པའི་བྱེད་སྤྱོད་ལ་བཅོས་སྒྲིག་བྱས་པས་ཁྲོམ་གཞུང་སྲང་ལམ་ཁག་དང་མ་ལམ་ཁག་ཏུ་རྣམ་པ་བཟང་པོ་མངོན་པ་དང་། བཅོས་སྒྲིག་ལས་དོན་ཁག་ལ་མངོན་གསལ་དོད་པའི་གྲུབ་འབྲས་ཐོབ་ཡོད”ཅེས་ཀླུ་སྒུག་སྡེ་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།