དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-17

    31.འབུམ་ཤོག་གི་གཡུལ་འགྱེད་ཆེ་མོ།

    1940ལོར་དམག་སྡེ་བརྒྱད་པས་ཧྭ་བྱང་གི་དགྲ་བོའི་རྒྱབ་ཕྱོགས་སུ་སྤེལ་བའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་དམག་འཐབ་ཅིག་བྱས་ཡོད། ཐེངས་དེའི་གཡུལ་འགྱེད་ཟླ་3དང་ཟླ་ཕྱེད་བསྟུད་མར་བྱས་པ་དང་དམག་སྡེ་བརྒྱད་པའི་དམག་ཞུགས་དཔུང་སྡེར་ཐོན་105ཡི་དམག་མི་ཁྲི་20ལྷག་ཡོད་པས་ཁྱོན་དམག་ཐེངས་1824བརྒྱབ་པ་དང་། རི་པིན་གྱི་དམག་མི་ཁྲི་2.5ལྷག་བསད་པ་དང་རྨས་པ། དམག་ཁྲི་1.8ལྷག་བཟུང་སྟེ་རི་འགོག་དམག་འཁྲུག་སྐབས་དམག་སྡེ་བརྒྱད་པས་སྤེལ་བའི་གཞི་ཁྱོན་ཆེ་ཤོས་དང་དམག་ལ་ཞུགས་མཁན་མང་ཤོས་ཀྱི་གཡུལ་འགྱེད་ཅིག་རེད།

    32.ཡན་ཨན་གྱི་ཀུན་སྤྱོད་དག་ཐེར་ལས་འགུལ།

    ཀྲུང་གོ་གུང་ཁྲན་ཏང་གིས་1942ལོའི་ཟླ་2པ་ནས་1945ལོའི་ཟླ་4པ་བར། ཏང་ཡོངས་ཀྱི་ཁྱབ་ཁོངས་ནང་སྤེལ་བའི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་བསམ་བློའི་སློབ་གསོའི་ལས་འགུལ་ཞིག་ཡིན། དེའི་ལས་འགན་གཙོ་བོ་ནི། རང་ཤེད་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་སློབ་སྦྱོང་གི་སྤྱོད་ཚུལ་བཅོས་སྒྲིག་བྱ་རྒྱུ་དང་། གྲུབ་མཐའི་རིང་ལུགས་ལ་ངོ་རྒོལ་བྱས་ཏེ་ཏང་གི་སྤྱོད་ཚུལ་བཅོས་སྒྲིག་བྱ་རྒྱུ། ཏང་ནང་གི་ཡན་ལག་བརྒྱད་ལྡན་གྱི་རྩོམ་ཚུལ་ལ་ངོ་རྒོལ་བྱས་ནས་རྩོམ་སྲོལ་བཅོས་སྒྲིག་བྱ་རྒྱུ་བཅས་ཡིན་པ་དང་། མཛད་ཕྱོགས་ནི“སྔར་བྱས་རྒྱབ་སྐྱུར་དང་ནད་བཅོས་སྲོག་སྐྱོབ”བྱ་རྒྱུ་དེ་རེད།

    33.ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ།

    1945ལོའི་ཟླ་4ཚེས་23ནས་ཟླ་6ཚེས་11ཉིན་བར་ཡན་ཨན་དུ་འཚོགས་ཤིང་། ཚོགས་ཆེན་ཐོག་ཏང་གི་ཆབ་སྲིད་ལམ་ཕྱོགས་གཏན་འཁེལ་བྱས་པ་དང་མའོ་ཙེ་ཏུང་གི་དགོངས་པ་ཏང་གི་མཛུབ་ཁྲིད་དགོངས་པར་བརྩིས་ནས་ཏང་གི་སྒྲིག་ཡིག་ནང་འཇུག་རྒྱུའི་གཏན་འཁེལ་ཡང་བྱས་པ་རེད། (མུ་མཐུད་འགོད་རྒྱུ) 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།