དབུ་ཤོག>ཆེད་སྒྲིག
  • དམངས་འཚོ་ནི་དོན་ཆུང་མིན་པས་ལས་དོན་མཐའ་དག་འཕྲལ་མར་སྒྲུབ་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-17

    འདི་ལོ་ལོ་43ལ་སླེབས་པའི་སྤེན་པ་ཚེ་རིང་དེ་སྔ་ཁྲེང་ཀོན་ཆུས་རྩོམ་སྒྱུར་ཅུས་ཀྱི་ལས་བྱེད་པ་ཞིག་ཡིན་པ་དང་2012ལོར་བསྟན་རྒྱས་གླིང་སྡེ་ཁུལ་དུ་བཅའ་སྡོད་བྱེད་པར་འདེམས་གཏོང་བྱས་པ་རེད། གྲོང་སྡོད་ལས་དོན་སྤེལ་འགོ་ཚུགས་མ་ཐག་སྤེན་པ་ཚེ་རིང་གི་ལས་ཀ་དང་པོ་ནི་སྡེ་ཁུལ་གྱི་གྲོང་མི་དུད་ཚང་ཚང་མའི་གནས་ཚུལ་རྒྱུས་མངའ་ལོན་པ་བྱ་རྒྱུ་དེ་རེད། ལས་ཀའི་ཁྲོད་ཁོང་གིས་ཡུལ་མི་ཁག་གཅིག་གིས་སྡེ་ཁུལ་གྱི་སྲིད་དོན་ཆ་འཕྲིན་དང་དམངས་ཕན་སྲིད་ཇུས་སོགས་ལ་རྒྱུས་མངའ་དེ་ཙམ་མེད་པས་སྡེ་ཁུལ་དུ་ལས་དོན་སྒྲུབ་པར་ཐེངས་མང་པོ་ཡོང་དགོས་ཀྱི་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    2014ལོར་སྤེན་པ་ཚེ་རིང་གི་རོགས་རམ་འོག་བསྟན་རྒྱས་གླིང་སྡེ་ཁུལ་གྱིས“སྐད་འཕྲིན་སྤྱི་རྟགས་ལས་སྟེགས”བརྒྱུད་སྡེ་ཁུལ་གྱི་དོ་དམ་ལ་རོགས་རམ་བྱས་པ་དང་དེ་སྔ་སྡེ་ཁུལ་གྱི་སྤྱི་བསྒྲགས་སྒྲོམ་སྟེགས་ཐོག་སྦྱར་བའི་བྱེད་སྒོའི་བརྡ་ཐོ་དང་། སྲིད་དོན་ཆ་འཕྲིན། དམངས་ཕན་ཞབས་ཞུའི་ཆ་འཕྲིན་སོགས་སྐད་འཕྲིན་ལས་སྟེགས་བརྒྱུད་ཉིན་ལྟར་གྲོང་མི་ཚོའི་ལག་ཐོགས་ཁ་པར་ཐོག་བརྒྱུད་བསྐུར་བྱེད་པའི་ཉིན་མཚན་བལྟོས་མེད་ཀྱི་དམངས་ཕན་ཞབས་ཞུའི་ལས་སྟེགས་ཤིག་བཏོད་ཡོད།

    སྡེ་ཁུལ་གྱི་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་ཤར་གཏོང་ཐུབ་པ་དེས་གྲོང་མི་ཚོ་ལས་ཀ་བྱེད་བདེ་པོ་བྱུང་བ་མ་ཟད། ད་དུང་སྡེ་ཁུལ་གྱི་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་སོང་། སྤེན་པ་ཚེ་རིང་གིས་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་ཐོག་བོད་རྒྱ་ཡིག་རིགས་གཉིས་ལྡན་ནས་དམངས་ཕན་ཆ་འཕྲིན་སྣ་ཚོགས་བརྒྱུད་བསྐུར་བྱེད་ཀྱི་ཡོད་པས་སྟབས་ཧ་ཅང་བདེ་པོ་འདུག གཟའ་མཇུག་གམ་ཡང་ན་ངལ་གསོ་དང་དུས་ཆེན་རིང་གྲོང་མི་ཚོར་དཀའ་ངལ་འཕྲད་ཚེ་སྡེ་ཁུལ་གྱི་ལས་དོན་པས་དུས་ཐོག་ཏུ་ཤེས་རྟོགས་ཐུབ་པ་དང་སྦྲགས། ཐག་གཅོད་བྱེད་རོགས་ཀྱང་ཐུབ་ཀྱི་འདུག་ཅེས་གསར་འགོད་པར་བཤད།

    གྲོང་སྡོད་ལོ་4ཡི་རིང་སྤེན་པ་ཚེ་རིང་གིས་བརྩེ་སེམས་ཟབ་མོས་ལས་དོན་དངོས་བསྒྲུབས་ཏེ་རང་ཉིད་གྲོང་མི་ཚོའི“ནང་མི”ངོ་མ་ཞིག་ཏུ་འགྱུར་བར་བྱས་པས་ཚང་མའི་ཡིད་ཆེས་ཐོབ་ཡོད།

    2016ལོར་གྲོང་མི་ཚོས་འདེམས་ཤོག་འཕངས་ནས་སྤེན་པ་ཚེ་རིང་བསྟན་རྒྱས་གླིང་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་ལ་བདམས། གྲོང་སྡོད་ལས་བྱེད་པ་ཞིག་ནས་སྡེ་ཁུལ་གྲོང་ལྷན་གྱི་ཀྲུའུ་རེན་ཞིག་ཏུ་གྱུར་བ་ལས་སྤེན་པ་ཚེ་རིང་གིས་ལས་ཀའི་ཐད་དེ་བས་ནན་ཏན་བྱེད་ཀྱི་ཡོད་པ་རེད།

    གྲོང་མི་ཚོར་དཀའ་ངལ་འཕྲད་སྐབས་སྐད་འཕྲིན་སྤྱི་རྟགས་ལས་སྟེགས་ཐོག་བརྗོད་ཀྱི་ཡོད་པ་དང་། སྤེན་པ་ཚེ་རིང་དང་ལས་རོགས་ཚོས་འཕྲལ་མར་ལན་རྒྱག་གི་ཡོད། གཟའ་མཇུག་གམ་ཡང་ན་དུས་ཆེན་དང་ངལ་གསོའི་དུས་ཚོད་གང་ཞིག་ཡིན་རུང་ཁ་ཡ་མི་བྱེད་པ་གཏན་ནས་བྱེད་ཀྱི་མེད།

    སྤེན་པ་ཚེ་རིང་གིས“གྲོང་མི་ཚོའི་དཀའ་ངལ་འཕྲལ་མར་སེལ་ཐུབ་ཆེད། ང་ཚོ་ཏང་ཀྲི་པུའི་ཁོངས་མིས་སྒོ་ར་འགན་གཙང་ལེན་པ་དང་ཏང་ཡོན་གྱིས་དུད་ཚང་འགན་གཙང་བླངས་ཏེ‘གཅིག་གཏད་གཅིག་དང་ཕྱོགས་ཡོངས་ལ་ཁྱབ་པའི’ཏང་ཡོན་གྱིས་མང་ཚོགས་ལ་འབྲེལ་བ་བྱེད་པ་དང་ཞབས་འདེགས་ཞུ་བའི་ལས་ཀའི་ལམ་སྲོལ་ཁྱོན་ཡོངས་ལ་ཁྱབ་གདལ་བཏང་བས་ཏང་ཡོན་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་ཕྱིན་པ་དང་ཆབས་ཅིག་ཏང་རྩ་འཛུགས་ཀྱི་ཞབས་ཞུའི་ནུས་པ་སྔར་བས་ལེགས་སུ་ཕྱིན་སོང”ཞེས་གསར་འགོད་པར་བཤད།

    དབྱར་ཁའི་ཞོགས་པ་ཞིག་སྤེན་པ་ཚེ་རིང་གིས་འཆར་ཅན་ལྟར་ཞོགས་ཟས་བཟས་རྗེས་ལག་ཐོགས་ཁ་པར་ནས་སྡེ་ཁུལ་གྱི་སྐད་འཕྲིན་ཚོགས་པའི་ནང་གི་ཆ་འཕྲིན་ལྟ་འགོ་ཚུགས།

    “ངའི་ཁྱིམ་གྱི་གློག་སྒུལ་སྦག་སྦག་གི་འཁོར་བྱང་རག་བྱུང་ལ་འགྲོ་སྐྱོད་ཆོག་པའི་ལག་ཁྱེར་ཡང་བླངས་ཟིན་པས་སྡེ་ཁུལ་གྱི་ལས་དོན་པ་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”དང“ཧྲུའུ་ཅི་ལགས་ངའི་ཚོང་ཁང་ལ་བོད་ཡིག་གི་མིང་སྙན་པོ་ཞིག་འདོགས་རོགས་གནང་དང”“སྒོ་ར་4པའི་ནང་ཆུས་ཁེངས་འདུག་པས་གཟིགས་རོགས་གནང”ཞེས་པ་ལ་སོགས་པའི་ལན་བཞག་ཡོད་པ་རེད།

    “ཤེས་སོང་ང་སྐར་མ་20སོང་རྗེས་ཁྱེད་རང་གི་ཚོང་ཁང་དུ་ཡོང་གི་ཡིན”སྡེ་ཁུལ་གྱི་གྲོང་མི་སྐུ་ཞབས་ཀྲང་ལགས་ཀྱི་རེ་བ་བཏོན་པའི་ཆ་འཕྲིན་ལ་ལན་བརྒྱབ་རྗེས་སྤེན་པ་ཚེ་རིང་བྲེལ་འཚུབ་ངང་ཁོང་གི་ཚོང་ཁང་ཡོད་སར་བསྐྱོད།

    སྤེན་པ་ཚེ་རིང་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་དམིགས་བསལ་ལེགས་ཆར་བརྟེན་ནས་ཚང་མར་རིན་མེད་ངང་ཡིག་སྒྱུར་བྱེད་རོགས་བྱེད་པ་མ་ཟད། ད་དུང་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་ཀྱི་ཡོད་པས་སྡེ་ཁུལ་གྲོང་མིའི་ཁས་ལེན་གང་ལེགས་ཐོབ་ཡོད་པ་རེད།

    སྤེན་པ་ཚེ་རིང་དང་སྡེ་ཁུལ་གྱི་ལས་བྱེད་པ་ཚོས་ད་དུང་རྟག་ཏུ་མཉམ་སྤྲོའི་བྱེད་སྒོ་སྤེལ་ནས་ཁོངས་གཏོགས་ཀྱི་ཕྱོགས་མིའི་ཚོང་པའི་ཏང་ཀྲི་པུའུ་དང་གྲོང་མི་སྒྲིག་འཛུགས་ཀྱིས་ཞུགས་སུ་བཅུག་ཏེ་གྲོང་པ་ཁྱིམ་མཚེས་དབར་གྱི་མཛའ་མཐུན་ཟབ་ཏུ་གཏོང་གི་ཡོད།

    བསྟན་རྒྱས་གླིང་སྡེ་ཁུལ་དུ་བོད་རིགས་དང་། རྒྱ་རིགས། ཧུད་རིགས་སོགས་མི་རིགས་མང་པོའི་གྲོང་མི་སྡོད་ཀྱི་ཡོད། མི་རིགས་ཁག་གི་གྲོང་མི་ཚོའི་འཚོ་བའི་གོམས་གཤིས་མི་འདྲ་བ་དང་སྐད་རིགས་ཀྱང་མི་མཐུན་རུང་ཁྱིམ་ཚང་གང་ཞིག་ལ་དཀའ་ངལ་ཡོད་ཚེ་ཚང་མས་ནུས་པས་གཅོག་ཚོད་ཀྱིས་རོགས་རམ་བྱེད་ཀྱི་ཡོད་པས་སྡེ་ཁུལ་གྱི་མི་རིགས་ཁག་གི་གྲོང་མིའི་དབར་འབྲེལ་བ་ཟབ་ལ་ཁྱིམ་ཚང་གཅིག་ལྟར་བརྩེ་དུང་ཟབ་མོ་ཞིག་ཡོད།

    ཉི་མ་ནུབ་ཁར་སྡེ་ཁུལ་དུ་ཉིན་གང་ལས་ལ་བྲེལ་བའི་སྤེན་པ་ཚེ་རིང་གིས་སླར་ཡང་སྐད་འཕྲིན་ཁ་ཕྱེ་སྟེ་ཚོགས་པའི་ནང་གི་གྲོང་མི་ཚོའི་རོགས་རམ་རེ་ཞུའི་ཆ་འཕྲིན་དོན་འཁྱོལ་བྱས་ཚུལ་ལ་བལྟས། གྲོང་མི་ཚོའི་རོགས་རམ་རེ་ཞུའི་ཆ་འཕྲིན་སྒྲུབ་ཐུབ་རིགས་འཕྲལ་མར་སྒྲུབ་པ་དང་འཕྲལ་མར་སྒྲུབ་མ་ཐུབ་ཚེ་འགྲེལ་བཤད་གསལ་པོ་རྒྱག་པ་དང་སྦྲགས་ཐག་གཅོད་བྱེད་ཐབས་ཧུར་ཐག་འཚོལ་བ་སོགས་ནི་ལོ་མང་རིང་འཇགས་པའི་ལས་ཀའི་གོམས་གཤིས་སུ་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།