དབུ་ཤོག>ཆེད་སྒྲིག
  • ཝང་ཅིན་ཞི། མེས་རྒྱལ་ལ་རྡོ་སྣུམ་ལེགས་སྐྱེས་འབུལ་མཁན་གྱི་རུ་ངར་ཅན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལིའུ་མེང་ཏན།   |     སྤེལ་དུས།  2021-06-17

    658804_yis_1623859200000_s.jpg

    འདི་ནི་ཝང་ཅིན་ཞིའི་འདྲ་པར་ཡིན་པ།

    (དཔྱད་གཞིའི་པར་རིས)

    ཝང་ཅིན་ཞི་ནི་1923ལོའི་ཟླ་10པར་ཀན་སུའུ་ཞིང་ཆེན་ཡུས་མོན་རྫོང་དུ་འཁྲུངས། ཁོང་ལོ་15ལ་སོན་སྐབས་ཡུས་མོན་སྣུམ་གཏེར་དུ་ཕྲུ་གུ་བཟོ་པ་ཞིག་བྱས། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཡུས་མོན་གསོར་ཁྲོན་རུ་ཁག་ཏུ་ཕྱག་ལས་གནང་ཞིང་། 1956ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1958ལོའི་ཟླ་9པར། ཁོང་གིས་1205གསོར་ཁྲོན་རུ་ཁག་གི་སྣེ་ཁྲིད་དེ་ཟླ་རེར་སྨི་5009གསོར་འབིགས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དང་། 1959ལོར་ལོ་རེར་ཁྲོན་པ་གསོར་འབིགས་སྨི་ཁྲི་7.1ཟིན་པའི་རྒྱལ་ཡོངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ལོ་དེར་ཝང་ཅིན་ཞི་1205གསོར་ཁྲོན་རུ་ཁག་གི་འཐུས་མིའི་ངོས་ནས་རྒྱལ་ཡོངས་ཀྱི་དཔའ་བོ་ལྷན་འཛོམས་ཚོགས་འདུར་ཞུགས་པ་མ་ཟད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་10འཁོར་བའི་རྒྱལ་སྟོན་གྱི་གཟིགས་འབུལ་ལའང་ཞུགས།

    1960ལོའི་ཟླ་3པར་ཝང་ཅིན་ཞི་ཡིས་1205གསོར་ཁྲོན་རུ་ཁག་གི་སྣེ་ཁྲིད་དེ་ཡུས་མོན་ནས་ཏ་ཆིང་དུ་ཕེབས། ཁོང་གིས་རུ་ཁག་ཡོངས་ཀྱི་སྣེ་ཁྲིད་དེ་ལྗིད་ཚད་ཏུན་60ལྷག་ཙམ་ཟིན་པའི་གསོར་འབིགས་འཕྲུལ་འཁོར་གྱི་སྒྲིག་ཆས་ཀྱི་ལྷུ་ལག་རྣམས་ཁ་ཐོར་དུ་བཏང་ནས་མིས་འདྲུད་པ་དང་ཕྲག་ཐོག་ཏུ་འཁུར་བའི་ཐབས་ལ་བརྟེན་ཏེ་གསོར་འབིགས་འཕྲུལ་འཁོར་དང་སྒྲིག་ཆས་མེ་འཁོར་ལས་ཕབ་པ་དང་། མ་ཅ་ཡའོ་ཉེ་འགྲམ་གྱི་སཱ་55ཁྲོན་པར་དབོར་ནས་སྒྲིག་སྦྱོར་བྱས་པ་རེད། ཆུ་སྦུགས་འདྲེན་མེད་པ་དང་ཆུ་སྣོད་རླངས་འཁོར་ཉུང་བར་བརྟེན་ཝང་ཅིན་ཞིས་བཟོ་པ་ཁྲིད་དེ་ཉེ་འགྲམ་གྱི་ཆུ་རྫིང་དུ་འཁྱག་པ་བཅག་ནས་དུང་བན་གྱིས་ཆུ་ཏུན་50ལྷག་ཙམ་དབོར་ནས་སཱ་55ཁྲོན་པ་དངོས་སུ་འབིགས་ཐུབ་པའི་འགན་ལེན་བྱས། ལྟོགས་སྐབས་འཁྱགས་ཐེབས་པའི་ལོ་གོར་མོག་མོག་ཁ་འགའ་ཟ་བ་དང་། དཀའ་དུས་པགས་ཚག་དཀྲིས་ནས་གཉིད་ཡུད་ཙམ་ཉལ་བ་སོགས་རུ་ཁག་ཡོངས་ཀྱི་བཟོ་པས་མཉམ་དུ་འབད་པ་བྱས་པ་བརྒྱུད། ཉིན་5དང་ཆུ་ཚོད་4ལས་མ་འགོར་བར་སྣུམ་ཞིང་ཐོག་གི་ཐོན་སྐྱེད་ཁྲོན་པ་ཐོག་མ་དེ་དྲུས་ཟིན།

    ཁྲོན་པ་དང་པོ་ཕུག་རྗེས། གསོར་ཤིང་བརྩེགས་པ་རྣམས་ཞིག་པས་ཝང་ཅིན་ཞིའི་རྐང་པ་རྨས་ནས་དེ་རང་དུ་དྲན་པ་འཐོར། འོན་ཀྱང་ཁོང་དྲན་པ་གསོས་རྗེས་ད་དུང་མུ་མཐུད་ལས་ཀ་གནང་། འགོ་ཁྲིད་ཀྱིས་ཁོང་སྨན་ཁང་དུ་བསྐྱལ་ཡང་ཁོང་གིས་སྨན་ཁང་ནས་དོན་ཏེ་ཁྲོན་པ་གཉིས་པའི(2589ཁྲོན་པ)གསོར་ཁྲོན་འབིགས་སར་བསྐྱོད་ནས་འཁར་རྒྱུག་འཛུགས་བཞིན་བཀོད་འདོམས་གནང་། སྨི་700ཙམ་དྲུས་ཟིན་སྐབས་གློ་བུར་དུ་སྣུམ་ཁྲོན་བརྡོལ། གསོར་ཁྲོན་འབིགས་སར་ལྗིད་ཚད་ཆེ་བའི་གནོན་བརྟེན་མེད་པར་བརྟེན། ཞིབ་འཇུག་བྱས་པ་བརྒྱུད། ཨར་འདམ་བླུག་པའི་བྱ་ཐབས་སྤྱད་དེ་འདམ་རྫབ་གར་དུ་བཏང་ནས་ཚབ་བྱེད་པའི་ཐག་བཅད། ཨར་འདམ་འདམ་རྫབ་ནང་དུ་བླུགས་ན་གཏིང་དུ་ཐིམ་ལ་སྲུབ་ཆས་ཀྱང་མེད་པས་ཝང་ཅིན་ཞི་ཡིས་འཁར་རྒྱུག་གཡུགས་ནས་འདམ་རྫབ་ནང་དུ་མཆོངས་ཏེ་ལུས་པོས་འདམ་རྫབ་དཀྲུག་དཀྲུག་བཏང་། བློ་མཐུན་གཞན་དག་ཚོའང་གཅིག་རྗེས་གཉིས་མཐུད་ཀྱིས་འདམ་རྫབ་ནང་དུ་མཆོངས་བས་མཐར་སྣུམ་ཁྲོན་བཀག་ཐུབ་ཙམ་བྱུང་བ་མ་ཟད། གསོར་འབིགས་འཕྲུལ་འཁོར་དང་སྣུམ་ཁྲོན་ཡང་སྲུང་ཐུབ་ཡོད།

    1960ལོའི་ཟླ་7པར། ཝང་ཅིན་ཞི་གཡུལ་འགྱེད་ས་ཁུལ་ཡོངས་ཀྱི“དར་དམར་ལྔ”ཡི་གྲས་སུ་ཚུད། 1970ལོའི་ཟླ་4པར། ཝང་ཅིན་ཞི་ལ་ཕོ་སྐྲན་ཕོག་པའི་ནད་བརྟག་དཔྱད་པ་དང་། ལོ་དེའི་ཟླ་11པར་ནད་གཞིས་རྐྱེན་པས་སྐུ་གཤེགས། སྐབས་དེ་དུས་དགུང་ལོ་47རེད། ཁོང་གིས་སྐུ་ཚེ་ཧྲིལ་པོ་མེས་རྒྱལ་གྱི་རྡོ་སྣུམ་བཟོ་ལས་ལ་ཕུལ་བ་དང་དུས་དང་རྣམ་པ་ཀུན་ཏུ་རང་ཉིད་ཀྱི་དམ་བཅའ་ལག་ལེན་བསྟར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།