དབུ་ཤོག>ཆེད་སྒྲིག
  • ཝུའུ་ཡུན་ཏུའོ། ཡོད་ཚད་ཏང་ལ་འབུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཆང་ཡུས་ཝུན།   |     སྤེལ་དུས།  2021-06-17

    658808_yis_1623859200000_s.jpg

    འདི་ནི་ཝུའུ་ཡུན་ཏུའོ་ཡི་འདྲ་པར་ཡིན་པ།

    (དཔྱད་གཞིའི་པར་རིས)

    ཝུའུ་ཡུན་ཏུའོ་ཡི་ཕ་ཡུལ་ནི་ཧུའུ་པེ་ཝུའུ་ཧན་ནས་ཡིན་ཞིང་། 1917ལོར་ཅང་ཞི་ཕིང་ཤང་དུ་འཁྲུངས། དེ་སྔོན་ཨན་ཡོན་རྡོ་སོལ་གཏེར་ཁུལ་དུ་བཟོ་པ་གནང་མྱོང་། རྒྱལ་ཡོངས་སུ་དགྲ་འགོག་དམག་འཁྲུག་ལངས་རྗེས། ཁོང་ཨན་ཧུའེ་ལྷོ་རྒྱུད་ཀྱི་ཡུན་ལིན་ལ་ཕེབས་པ་དང་། 1938ལོར་ཤིན་སི་ཅུན་ལ་ཞུགས། 1939ལོར་ཀྲུང་གོ་གུང་ཁྲན་ཏང་ལ་ཞུགས།

    1941ལོར་ཝན་ནན་དུས་འགྱུར་བྱུང་རྗེས། ཁོང་གིས་བཀའ་ལྟར་ཧུའེ་ནན་རི་འགོག་གནས་གཞིའི་ཁུལ་དུ་སྐྱས་སྤོས། དཀའ་ཚེགས་ཤིན་ཏུ་ཆེ་བའི་ཆ་རྐྱེན་འོག་ཁོང་གིས་བཟོ་པ་རྣམས་ཀྱི་སྣེ་ཁྲིད་དེ་བསམ་ཚོད་ལས་འདས་པའི་དཀའ་ངལ་སྣ་ཚོགས་ཁྱད་དུ་བསད་ནས་མདུན་ཕྱོགས་ཀྱི་དམག་དཔུང་ལ་མྱུར་དུ་མཁོ་བའི་མེ་མདའ་དང་། མེ་སྒྱོགས། རྫས་མདེལ་བཅས་བཟོས། ཐེངས་ཤིག་མདུན་ཕྱོགས་སུ་དགོས་གལ་ཆེ་བའི་སྒྱོགས་མདེལ་ཞིག་ཉམས་བཟོ་བྱེད་སྐབས། འབར་མདེལ་སྦུ་གུར་འབར་གས་བྱུང་སྟེ་ཁོང་གི་ལག་གཡོན་མའི་མཛུབ་མོ་བཞི་འཐོར་བ་དང་རྐང་པ་གཡོན་མའི་པུས་མོ་རྨས་ཤིང་མིག་གཡོན་མ་འགས་གཏོར་དུ་སོང་། འོན་ཀྱང་ཁོང་གིས་མདུན་ཕྱོགས་སུ་རྫས་མདེལ་དགོས་གལ་ཆེ་བ་ཤེས་པས་རྨ་ཁ་མ་གསོས་གོང་ནས་མཚོན་ཆ་བཟོ་གྲྭར་ཕྱིར་ལོག དགྲ་འགོག་དམག་འཁྲུག་རིང་། ཁོང་གིས་བཟོ་པ་རྣམས་ཁྲིད་དེ་མཚོན་ཆ་ལེགས་བཅོས་བྱེད་པར་ཞིབ་འཇུག་གནང་ཞིང་། འཕེན་རྒྱང་སྨི་540ལྷག་ཙམ་ཟིན་པའི་མདའ་འབོམ་སོགས་གཙོ་འགན་ཁུར་ནས་ཞིབ་འཇུག་དང་གསར་བཟོ་གནང་སྟེ་དམག་དཔུང་གི་འཐབ་ནུས་ཆེར་གཏོང་ལ་བྱས་རྗེས་གལ་ཆེན་བཞག་ཡོད།

    1947ལོར། ཝུའུ་ཡུན་ཏུའོ་ཡིས་བཀའ་ལྟར་ཏ་ལེན་དུ་སྦི་སྡི་བཟོ་གྲྭ་བཙུགས་པ་མ་ཟད་བཟོ་གྲྭའི་འགོ་འཛིན་གྱི་འགན་བཞེས།

    ཀྲུང་གོ་གསར་པ་དབུ་བརྙེས་རྗེས། ཝུའུ་ཡུན་ཏུའོ་ཡིས་སྔ་རྗེས་སུ་ཀྲུང་ནན་མཚོན་ཆ་བཟོ་ལས་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་། འཕྲུལ་ཆས་ཚན་རིག་ཞིབ་འཇུག་ཁང་གི་སྤྱི་ཁྱབ་བཟོ་བཀོད་པ་གཞོན་པ། འཕྲུལ་ཆས་པུའུ་ལྔ་པའི་ཚན་རིག་ཞིབ་འཇུག་ཁང་གི་ཡོན་ཀྲང་གཞོན་པ་སོགས་ཀྱི་འགན་བཞེས། མཚོན་ཆའི་ཚན་ཞིབ་ལས་དོན་མང་པོ་ཞིག་གི་གཙོ་འགན་ཁུར་ཏེ་རྒྱལ་ཁབ་ལ་དམག་དོན་བཟོ་ལས་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་གནང་ནས་རྒྱལ་སྲུང་དེང་རབས་ཅན་དང་དཔུང་སྡེའི་མཚོན་ཆ་ལེགས་གཏོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད།

    ཁོང་གིས་ད་དུང་རང་ཉིད་ཀྱི་ལོ་རྒྱུས་བཀོད་པའི་བརྩམས་སྒྲུང《ཡོད་ཚད་ཏང་ལ་འབུལ》ཞེས་པ་བརྩམས།

    1991ལོའི་ཟླ་5པར། ཝུའུ་ཡུན་ཏུའོ་པེ་ཅིང་དུ་ནད་གཞིས་རྐྱེན་པས་སྐུ་གཤེགས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།