དབུ་ཤོག>ཆེད་སྒྲིག
  • ཝང་ཅེ། གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ལི་རུའེ།   |     སྤེལ་དུས།  2021-06-16

    653173_yis_1623772800000_s.jpg

    འདི་ནི་ཝང་ཅེའི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ཝང་ཅེ་ནི་1942ལོར་ཧྲན་ཏུང་ཞིང་ཆེན་ཅིན་ཤང་རྫོང་དུ་འཁྲུངས་པ་དང་། 1961ལོའི་ཟླ་8པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལ་ཞུགས། 1962ལོའི་ཟླ་2པར་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པར་ཞུགས།

    ཁོང་ནི་འཐབ་གྲོགས་ལ་སེམས་ཁུར་ཆེ་ཞིང་འཐབ་གྲོགས་ཕུ་ནུ་ལྟར་དུ་བརྩི་མཁན་ཞིག་རེད། ཐག་རིང་ལ་དཔུང་སྐྱོད་བྱེད་སྐབས་ཝང་ཅེ་རང་ཉིད་རྐང་པར་ཆུ་ལྒང་ཐོན་པ་དང་གཟུགས་པོ་ཡོངས་ལ་ཆག་བརྒྱབ་ཀྱང་ཁོང་གིས་ལྟོ་ཕད་ཕབ་ནས་སྔོན་ལ་འཐབ་གྲོགས་གཞན་ཚོར་ཆུ་བླངས་ནས་བསྐོལ་རོགས་བྱེད་པ་དང་མ་བྱན་པན་ཤོག་ལ་མེ་ཁ་གསོ་རོགས་དང་ཚལ་བཏུབས་རོགས་བྱས་རྗེས་གཞི་ནས་ངལ་གསོ་རྒྱག་གི་ཡོད། མཚན་མོ་སོ་ལྟ་སྐོར་གཡེང་བྱེད་སྐབས་ཁོང་གིས་མཚན་གང་སོ་ལྟ་བྱས་ནས་བློ་མཐུན་གཞན་དག་ངལ་གསོ་མང་ཙམ་གསོ་བཅུག་གི་ཡོད། ཁོང་གིས་མཉམ་སྡེབ་ཀྱི་རྒྱུ་ནོར་ལ་སོ་སོ་རང་ཉིད་ལས་ཀྱང་གཅེས་སྐྱོང་མང་བ་བྱེད་ཅིང་། ཉིན་ཞིག་ལས་ཡུལ་དུ་དྲག་ཆར་བབས་པས་ཝང་ཅེ་གཉིད་ལས་སད། ཁོང་གིས་ལས་ཡུལ་དུ་ད་དུང་སྣུམ་མདོང་དང་ཤིང་ཆ་སོགས་བཞག་ཡོད་པ་དྲན་ནས་ཧོབ་སྟེ་ལངས་ཏེ་ཁེར་རྐྱང་ཆར་པ་འབབ་བཞིན་པའི་ལས་ཡུལ་དུ་ཕྱིན་ནས་ཨར་ལས་རྒྱུ་ཆ་ཚང་མ་རི་ཉག་ཏུ་དབོར་ནས་རྒྱལ་ཁབ་ཀྱི་རྒྱུ་ནོར་ལ་གྱོང་གུན་མི་ཕོག་པ་བྱས་ཡོད། ཁོང་གིས་མང་ཚོགས་ལ་བྱ་བཟང་བསྒྲུབས་ནའང་མིང་ཙམ་ཡང་ཤོད་ཀྱི་མེད། ཐེངས་ཤིག་ཝང་ཅེ་ཁྲོམ་གཞུང་དུ་ཅ་དངོས་ཉོ་བར་འགྲོ་སྐབས་ཨ་མ་རྒན་མོ་ཞིག་སྨན་པ་བསྟེན་རྗེས་ཁྱིམ་དུ་ལོག་པའི་ལམ་རིན་མེད་པ་ཤེས་པས་འཕྲལ་དུ་རང་ཉིད་ཀྱི་ཞོར་ཕོགས་རྒན་མོར་སྤྲད། རྒན་མོས་ཁོང་གི་མིང་དྲིས་པས་ཁོང་གིས“བཅིངས་འགྲོལ་དམག་ཟེར”ཞེས་ལན་བརྒྱབ། ཁོང་ནི་ལས་ཀར་ཧུར་བརྩོན་ཆེ་ཞིང་། སྦྱོང་བརྡར་དང་། ལས་སྐྲུན། ཞོད་འགོག་གེགས་སེལ་སོགས་ལས་འགན་ཁག་སྒྲུབ་སྐབས་གཅིག་ནས་དཀའ་ངལ་ལ་མི་སྐྲག་པ་དང་གཉིས་ནས་ཤི་རྒྱུར་མི་སྐྲག་པས་ཚང་མས“སྡོད་ཁོམ་བྲལ་བའི་མི”དང“དཀའ་ལས་ཁག་རྒྱུ་མེད་པའི་མི”ཞེས་འབོད་ཀྱི་ཡོད། ཁོང་སློབ་སྦྱོང་ལ་དགའ་ཞིང་། བྲེལ་བརྩོན་ཅི་འདྲའི་ཆེ་བ་དང་གང་དུ་སོང་ཡང《མའོ་ཙེ་ཏུང་གི་གསུང་བཏུས》ལུས་འབྱར་ངང་འཁྱེར་ནས་ཁོམ་པ་ཡོད་འཕྲལ་སློབ་སྦྱོང་ནན་ཏན་བྱེད་པ་དང་འབྲེལ་ལས་ཀ་དང་བསམ་བློ་དངོས་དང་ཟུང་འབྲེལ་གྱིས་ཉིན་ཐོ་ཡིག་འབྲུ་ཁྲི་10ལྷག་ཙམ་བྲིས་ཡོད།

    1965ལོའི་ཟླ་7ཚེས་14ཉིན། ཝང་ཅེ་ཅང་སུའུ་ཞིང་ཆེན་ཕི་རྫོང་ཀྲང་ལོའུ་ཀུང་ཧྲེ(ད་ཆའི་ཕི་ཀྲོའུ་གྲོང་ཁྱེར་ཀྲང་ལོའུ་ཤང)དུ་ཡུལ་དམག་ས་འོག་འབར་མདེལ་པན་ཤོག་ལ་དམག་དོན་སྦྱོང་བརྡར་བྱེད་རོགས་བྱེད་སྐབས། རྫས་འཐུམ་གློ་བུར་དུ་འབར་གས་འབྱུང་ཉེའི་ཉེན་ཁའི་མཚམས་སུ། ཝང་ཅེས་འབར་མདེལ་ཐོག་ཤུགས་ཀྱིས་མཆོངས་ཏེ་དེ་གར་ཡོད་པའི་ཡུལ་དམག་དང་མི་དམངས་དྲག་ཆས་ལས་བྱེད་པ་12ཀྱི་ཚེ་སྲོག་བསྐྱབས་ཤིང་། ལོ་23ལས་སོན་མེད་པའི་ལངས་འཚོའི་ཚེ་སྲོག་སྐྱེས་སུ་ཕུལ།

    1965ལོའི་ཟླ་11ཚེས་27ཉིན། རྒྱལ་སྲུང་པུའུ་ཡིས་ཁོང་སྐུ་འཚོ་བཞུགས་སྐབས་ཀྱི་པན་ཤོག་ལ“ཝང་ཅེའི་པན་ཤོག”ཅེས་མིང་བཏགས་པ་དང་། ཀྲོའུ་ཨེན་ལའེ་དང་། ཀྲུའུ་ཏེ། ཏུང་པི་ཝུའུ་སོགས་ཀྱིས་ཁོང་ལ་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།