ཉེ་བའི་ལོ་ཤས་རིང་། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སོ་དྲུག་ཤང་གིས“ཏང་འཛུགས་སྐྱོང+”གྲོང་གསེབ་དར་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་ཤར་གཏོང་བྱས་ནས་ཞིང་པ་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། སོ་དྲུག་ཤང་ཏང་ཨུད་དང་སྲིད་གཞུང་གི་སྣེ་ཁྲིད་འོག་ད་ཆ་བོད་སྨན་གྱི་སྨན་རྒྱུ་སྣ་ཚོགས་དང་། ཤ་མོའི་རིགས། རྒུན་འབྲུམ་སོགས་འདེབས་འཛུགས་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་མ་ཟད། གཞི་ཁྱོན་ཡང་ཉིན་རེ་བཞིན་ཆེ་རུ་ཕྱིན་ཏེ་སོ་དྲུག་ཤང་གི་ཁྱད་ལྡན་ཐོན་ལས་སུ་གྱུར་ནས་མང་ཚོགས་ལས་ཞུགས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱེད་བཞིན་ཡོད། འདི་ནི་སོ་དྲུག་ཤང་གི་འདེབས་འཛུགས་རྟེན་གཞིར་ཞིང་པ་ཞིག་གིས་རྒུན་འབྲུམ་གྱི་སྡོང་པོར་གཡོག་བྱེད་བྱེད་བཞིན་པ།