ཀྲུང་གོའི་སྙིང་སྟོབས།
★ལྔ་བཞིའི་སྙིང་སྟོབས།
རྒྱལ་གཅེས་དང་། ཡར་ཐོན། དམངས་གཙོ། ཚན་རིག་བཅས་ཡིན།
★གྲུ་དམར་གྱི་སྙིང་སྟོབས།
གནམ་ས་སྒོ་འབྱེད་དང་སྔོན་དུ་བྱེད་ཕོད་པའི་གསར་གཏོད་ཀྱི་སྙིང་སྟོབས།
ཕུགས་བསམ་བརྟན་པོ་དང་ཞུམ་པ་མེད་པའི་འབད་འཐབ་སྙིང་སྟོབས།
སྤྱི་དོན་དུ་ཏང་འཛུགས་དང་དམངས་ལ་ལྷག་བསམ་དཀར་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས།
★ཅིང་ཀང་རི་བོའི་སྙིང་སྟོབས།
དད་སེམས་བརྟན་པོ་དང་། དཀའ་སྤྱད་འབད་འཐབ། དངོས་ཐོག་བདེན་འཚོལ། གསར་གཏོད་བྱེད་ཕོད་པ། མང་ཚོགས་ལ་བརྟེན་པ། བློ་ཁོག་ཆེན་པོས་རྒྱལ་ཁ་ལེན་པ་བཅས་ཡིན།
★སུའུ་ཝེ་ཨེད་ས་ཁུལ་གྱི་སྙིང་སྟོབས།
དད་སེམས་བརྟན་པ། དམ་པ་དོན་གཉེར། དམངས་ལ་བློ་གཅིག་སེམས་གཅིག སྤྱོད་གཙང་གཞུང་དྲང་། དཀའ་སྤྱད་འབད་འཐབ། རྩེར་སོན་གཏོད་པ། སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་བཅས་ཡིན།
★རྒྱང་སྐྱོད་ཀྱི་སྙིང་སྟོབས།
རྒྱལ་ཡོངས་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་མཐའ་དག་ལས་ལྷག་པར་བཟུང་ནས་གསར་བརྗེའི་ཕུགས་བསམ་དང་དད་སེམས་མཐའ་འཁྱོངས་བྱས་ཏེ་དྲང་བདེན་བྱ་གཞག་ལ་རྒྱལ་ཁ་ཐོབ་ངེས་ཡིན་པའི་སྙིང་སྟོབས།
རྒྱལ་སྐྱོབ་དམངས་སྐྱོབ་ཆེད་དུ་དཀའ་ཉེན་ལ་མི་སྐྲག་པར་མཐའ་དག་བློས་གཏོང་ཕོད་པའི་སྙིང་སྟོབས།
རང་ཚུགས་རང་བདག་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱས་ནས་མཐའ་དག་དོན་དངོས་ནས་འགོ་འཛུགས་པའི་སྙིང་སྟོབས།
ཁྱོན་ཡོངས་ལ་ལྟ་རྟོག་དང་། སྒྲིག་ལམ་ནན་པོ་སྲུང་བ། མཐུན་སྒྲིལ་དམ་ཟབ་བྱེད་པའི་སྙིང་སྟོབས།
མི་དམངས་མང་ཚོགས་ལ་དམ་པོར་བརྟེན་པ་དང་མི་དམངས་མང་ཚོགས་དང་འཆི་གསོན་མཉམ་གནས་དང་། དཀའ་སྡུག་མཉམ་མྱོང་། དཀའ་སྤྱད་འབད་འཐབ་བཅས་བྱེད་པའི་སྙིང་སྟོབས།
★ཙུན་དབྱིའི་ཚོགས་འདུའི་དགོངས་དོན།
དངོས་ཐོག་བདེན་འཚོལ་དང་། རང་ཚུགས་རང་བདག དད་སེམས་བརྟན་པོ། དམངས་གཙོ་མཐུན་སྒྲིལ། རྒྱལ་ཁ་བརྩོན་ལེན་བཅས་ཡིན།
★བྱང་ཤར་རི་འགོག་མཉམ་འབྲེལ་དམག་གི་སྙིང་སྟོབས།
དད་སེམས་བརྟན་པོ་དང་།
བླ་ན་མེད་པའི་རྒྱལ་གཅེས་བསམ་པ།
རང་སྲོག་བློས་གཏོང་གི་རླབས་ཆེན་བློ་སྟོབས།
★ཡན་ཨན་གྱི་སྙིང་སྟོབས།
ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ།
བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས།
བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ།
རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་ལས་གཏོད་སྙིང་སྟོབས་བཅས་རེད། (མུ་མཐུད་འགོད་རྒྱུ)