དབུ་ཤོག>ཆེད་སྒྲིག
  • ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས་ཀྱི་དྲི་བ་དྲིས་ལན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-15

    27.《རྒྱུན་སྲིང་དམག་འཁྲུག་གླེང་བ》

    1938ལོའི་ཟླ་5པར། མའོ་ཙེ་ཏུང་གིས་ཏང་ཡོངས་ཀྱི་བློ་གྲོས་གཅིག་སྡུད་བྱས་ཏེ་བརྩམས་པའི་དམག་དོན་རིགས་པའི་གཞུང་ལུགས་ཀྱི་གསུང་རྩོམ་གལ་ཆེན་ཞིག་རེད། 《རྒྱུན་སྲིང་དམག་འཁྲུག་གླེང་བ》ཞེས་པའི་ནང་རི་འགོག་དམག་འཁྲུག་དེ་ཉིད་འཐབ་ཇུས་འགོག་སྲུང་དང་། འཐབ་ཇུས་དོ་མཉམ། འཐབ་ཇུས་ཕར་རྒོལ་བཅས་དུས་མཚམས་གསུམ་བརྒྱུད་རྒྱུ་ཡིན་པ་མ་འོངས་སྔོན་མཐོང་ངང་བཀོད་ཡོད་པ་དང་། རི་འགོག་དམག་འཁྲུག་གི་མཛུབ་ཁྲིད་བྱེད་ཕྱོགས་དང་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཏང་གི་ཡང་དག་པའི་ཁ་ཕྱོགས་རྒྱས་བཤད་གཏིང་ཟབ་བྱས་པ་དེ་ནི་ཏང་གིས་རི་འགོག་དམག་འཁྲུག་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་རེད། 

    28.ཐོན་སྐྱེད་ཆེ་མོའི་ལས་འགུལ།

    1939ལོའི་ཟླ་2པར། ཀྲུང་གུང་ཀྲུང་དབྱང་གིས་ཡན་ཨན་དུ་ཐོན་སྐྱེད་སྐུལ་སློང་ཚོགས་ཆེན་འཚོགས་ཤིང་། མའོ་ཙེ་ཏུང་གིས“རང་ལག་རང་འགུལ། རང་སྟོབས་རང་སྤེལ། དཀའ་སྤྱད་འབད་འཐབ། དཀའ་ངལ་ཁྱད་བསད”བཅས་ཀྱི་རླབས་ཆེའི་འབོད་སྐུལ་གནང་བ་དང་། བཅིངས་འགྲོལ་བཏང་བའི་ཁུལ་གྱི་དམག་དམངས་ཚོས་གཞི་ཁྱོན་ཆེ་བའི་མང་ཚོགས་རང་བཞིན་གྱི་ཐོན་སྐྱེད་ལས་འགུལ་སྤེལ་བ་རེད།

    29.ཡན་ཨན་གྱི་སྙིང་སྟོབས།

    2002ལོའི་ཟླ་4པར། ཅང་ཙེ་མིན་གྱིས་ཧྲའན་ཤིས་སུ་རྟོག་ཞིབ་གནང་སྐབས་ཡན་ཨན་སྙིང་སྟོབས་ཀྱི་ནང་དོན་ལ་སྙིང་བསྡུས་ཚད་མཐོ་པོ་གནང་བ་སྟེ། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་དང་། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་གྱི་བསམ་བློའི་ལམ་ཕྱོགས། བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་ཀྱི་ལས་གཏོད་སྙིང་སྟོབས་བཅས་རེད།

    30.མན་ངག་གསུམ།

    1939ལོའི་ཟླ་10པར། མའོ་ཙེ་ཏུང་གིས《〈གུང་ཁྲན་ཏང་མི〉ཚགས་པར་གསར་བཏོན་གྱི་གཏམ》ནང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་གསར་བརྗེར་འགོ་ཁྲིད་བྱེད་སྐབས་དགྲ་བོ་ལས་རྣམ་པར་རྒྱལ་བའི་མན་ངག་གསུམ་ནི་འཐབ་ཕྱོགས་གཅིག་གྱུར་དང་། དྲག་ཆས་འཐབ་རྩོད། ཏང་འཛུགས་སྐྱོང་བཅས་ཡིན་ཞེས་བཏོན་གནང་ཡོད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།