དབུ་ཤོག>ཆེད་སྒྲིག
  • 《ཀྲུང་གོ་གུང་ཁྲན་ཏང་གི་ཏང་གི་ལོ་རྒྱུས》ཀྱི་ཤེས་བྱ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-15

    ★1981ལོའི་ཟླ་2ཚེས་25ཉིན་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་སོགས་ཚན་པ་དགུ་ཡིས་རྒྱལ་ཡོངས་མི་དམངས་དང་ལྷག་པར་དུ་གཞོན་ནུ་ལོ་ཆུང་ལ་གྲོས་འགོའི་ཡི་གེ་བཏོན་ནས“སྣང་ཆེན་ལྔ”(ཤེས་དཔལ་ལ་སྣང་ཆེན་དང་། གུས་ཞབས་ལ་སྣང་ཆེན། འཕྲོད་བསྟེན་ལ་སྣང་ཆེན། སྒྲིག་ལམ་ལ་སྣང་ཆེན། ཀུན་སྤྱོད་ལ་སྣང་ཆེན)དང“ཡག་པ་བཞི”(སེམས་ཁམས་ཡག་པ། སྐད་ཆ་ཤོད་སྟངས་ཡག་པ། ཀུན་སྤྱོད་ཡག་པ། ཁོར་ཡུག་ཡག་པ)ནང་དོན་གཙོ་བོར་བྱས་པའི་ཡ་རབས་གུས་ཞབས་ཀྱི་བྱེད་སྒོ་སྤེལ་བ་དང་། དེ་རྗེས་སུ་བྱེད་སྒོ་དེ“དགའ་ཞེན་གསུམ”(མེས་རྒྱལ་ལ་དགའ་ཞེན་དང་། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན། ཏང་ལ་དགའ་ཞེན)གྱི་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་སྤེལ་བ།

    ★1981ལོའི་ཟླ་6ཚེས་27ནས་29ཉིན་བར་ཀྲུང་གུང་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་པེ་ཅིང་དུ་འཚོགས་པ་དང་། ཚོགས་འདུའི་ཐོག《རྒྱལ་ཁབ་དབུ་བརྙེས་ཚུན་ཏང་གི་ལོ་རྒྱུས་ཀྱི་གནད་དོན་འགའ་ཞིག་སྐོར་གྱི་གྲོས་ཆོད》ལ་གྲོས་འཆམ་བྱུང་བ་དང་དེས་ཏང་གིས་མཛུབ་ཁྲིད་བསམ་བློའི་ཐད་ཀྱི་ཟིང་བཅོས་ཡོ་བསྲང་གི་ལས་འགན་རྒྱལ་ཁའི་ངང་ལེགས་སྒྲུབ་བྱས་པ་མཚོན་པ།

    ★1983ལོའི་ཟླ་10པར་ཏང་གི་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་2པའི་ཐོག《ཏང་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་འཆམ་བྱུང་བ་དང《གཏན་འབེབས》ནང་ཏང་བཅོས་སྒྲིག་གི་ལས་འགན་ནི་བསམ་བློ་གཅིག་གྱུར་དང་། སྤྱོད་ཚུལ་ཡོ་བསྲང་། སྒྲིག་ལམ་ནན་གཏོང་། རྩ་འཛུགས་དྭངས་གཙང་བཅས་ཡོང་བར་བྱེད་དགོས་པའི་གཏན་འབེབས་གནང་བ།

    ★1984ལོའི་ཟླ་10པར་ཀྲུང་གུང་སྐབས་བཅུ་གཉིས་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག《དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་བྱ་རྒྱུའི་སྐོར་གྱི་གཏན་འབེབས》ལ་གྲོས་འཆམ་བྱུང་ནས་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཁྲོད་ཀྱི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ཆ་ལག་ཚང་བའི་ངང་རྒྱས་བཤད་བྱས་པས། དེ་ནི་དཔལ་འབྱོར་སྒྲིག་གཞི་སྒྱུར་བཅོས་ཕྱོགས་ཡོངས་ནས་བྱེད་པའི་རྩ་གནད་རང་བཞིན་གྱི་ཚད་ལྡན་ཡིག་ཆ་ཞིག་ཡིན་པ།

    ★ཏང་གི་ཚོགས་ཆེན་བཅོ་ལྔ་པའི་ཐོག“ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས”ཞེས་པ་ཐོག་མར་སྤྱད་པ།

    ★ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་ཀྱི་སྙིང་དོན་ནི་བསམ་བློར་བཅིངས་འགྲོལ་གཏོང་བ་དང་དངོས་ཐོག་བདེན་འཚོལ་བྱ་རྒྱུ་དེ་ཡིན་པ།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།