དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཡར་ལངས་ཞིང་བྲན་གྱི་བརྙན་པར་ཡིག་ཚགས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-15

    649045_yis_1623686400000_s.jpg

    འདི་ནི་དབྱངས་ཆུང་་ཡིན་པ།

    649049_yis_1623686400000_s.jpg

    འདི་ནི་དབྱངས་ཆུང་གིས་རང་ཁྱིམ་དུ་བཅར་འདྲིར་ཡོང་མཁན་གྱི་ལས་དོན་པ་དང་སྤེལ་རེས་བྱེད་བཞིན་པ།

    ལོ་བརྒྱད་ཅུར་སོན་ཉེར་ཡོད་པའི་དབྱངས་ཆུང་ནི་གཞིས་རྩེ་གྲོང་ཁྱེར་བདེ་ལེགས་སྡེ་ཁུལ་གྱི་རྒན་ཡོལ་ཞུས་པའི་རྒན་རྒོན་ཞིག་རེད།

    དབྱངས་ཆུང་ནི་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་རེ་ས་ཤང་གི་ཁྱིམ་ཚང་དབུལ་པོ་ཞིག་ཏུ་སྐྱེས་པ་དང་ཁྱིམ་གྱི་བུ་མོ་རྒན་ཤོས་དེ་ཡང་རེད། ཁོང་ལོ་8ལ་སླེབས་སྐབས་ཞིང་བྲན་བདག་པོའི་ཕྱུགས་རྫི་དང་ལས་ཀ་ཙག་ཙིག་སོགས་བྱེད་ཀྱི་ཡོད་ཀྱང་ཞིང་བྲན་བདག་པོས་ལྟོ་གོས་ལ་ཁ་ཡ་བྱེད་ཀྱི་མེད། ཉིན་མོ་ཁོང་གིས་ནང་མིས་བསྐྱལ་བའི་རྩམ་པས་གྲོད་པ་རྒྱགས་ཐབས་བྱེད་པ་དང་། མཚན་མོ་ཁོང་ཞིང་བྲན་བདག་པོའི་ལྷས་རའམ་ཡང་ན་ཐབ་ཚང་གི་ཁུག་ཀྱོག་ཏུ་ཉལ་དགོས་ཀྱི་ཡོད། ལོ་12ལ་སླེབས་སྐབས། ཁོང་གཞིས་རྩེ་གྲོང་ཁྱེར་ས་སྐྱ་རྫོང་དུ་བྲོས་བྱོལ་ལ་ཕྱིན་ཏེ་ཡུལ་དེའི་སྐུ་དྲག་གི་གཡོག་མོ་བྱས། ཕྱིས་སུ་སླར་ཡང་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་དུ་ཡུལ་གྱར་ནས་དཀའ་སྡུག་ཚད་མེད་མྱོང་ཡོད།

    1959ལོར་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དབྱངས་ཆུང་ལ་རང་དབང་ཐོབ་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས་པ་མ་ཟད་གྲོང་ཚོའི་ཀྲུའུ་རེན་ཡང་བྱས། 1967ལོའི་ཟླ་9པར་དབྱངས་ཆུང་སྐབས་དེ་དུས་ཀྱི་བོད་ལྗོངས་མི་རིགས་སློབ་གླིང་གི་འབྲིང་རིམ་ཆེད་ཚན་ནས་སློབ་གྲྭ་ཐོན་རྗེས་ལས་ཀར་ཞུགས་ནས་བུ་ཕྲུག་བསྐྱངས།

    ད་ཆ་རྒན་ཡོལ་ཞུས་ཟིན་པའི་དབྱངས་ཆུང་ལ་བུ་ཚ་མང་བ་དང་ཁོང་གིས་དེང་གི་འཚོ་བ་ཧ་ཅང་སྐྱིད་པོ་འདུག་ཅེས་བརྗོད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།