དབུ་ཤོག>ཆེད་སྒྲིག
  • ལེ་ཧྥུང་། ལས་ཀར་ཧུར་བརྩོན་ཆེ་ཞིང་གཞན་ལ་རོགས་རམ་བྱ་རྒྱུར་དགའ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཧྲེན་ཀྲི་ལིན།   |     སྤེལ་དུས།  2021-06-15

    649055_yis_1623686400000_s.jpg

    འདི་ནི་ལེ་ཧྥུང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 

    ལེ་ཧྥུང་ལ་ཐོག་མར་ལེ་ཀྲེང་ཤིང་ཟེར་ཞིང་། 1940ལོར་ཧུའུ་ནན་ཞིང་ཆེན་ཝང་ཁྲེང་རྫོང(ད་ལྟའི་ཁྲང་ཧྲ་གྲོང་ཁྱེར་གྱི་ཝང་ཁྲེང་ཆུས)གི་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་འཁྲུངས། ཁོང་ལོ་7ལ་སླེབས་སྐབས་དྭ་ཕྲུག་ཏུ་གྱུར་ནས་ཡུལ་མི་དབུལ་པོ་ཚོའི་རོགས་སྐྱོར་འོག་སྡུག་པོ་མྱངས་བཞིན་འཚོ་ཐུབ་ཙམ་བྱུང་།

    1949ལོའི་ཟླ་8པར། ལེ་ཧྥུང་གི་ཕ་ཡུལ་ཧུའུ་ནན་ཝང་ཁྲེང་ལ་བཅིངས་འགྲོལ་བཏང་བ་དང་སྦྲགས་ལེ་ཧྥུང་ལའང་བཅིངས་འགྲོལ་ཐོབ། ཏང་དང་མི་དམངས་སྲིད་གཞུང་གི་ཐུགས་ཁུར་འོག་བདེ་སྐྱིད་ངང་འཚར་ལོངས་བྱུང་བ་དང་། ཁོང་བྱིས་པའི་ཚོགས་པར་ཞུགས་པ་དང་སློབ་ཆུང་འགྲིམས་པ་མ་ཟད་ཀྲུང་གོ་གུང་ཁྲན་རིང་ལུགས་ལོ་ཆུང་གདོང་ལེན་རུ་ཁག་ཏུ་ཞུགས་མཁན་ཁག་དང་པོར་གྱུར། ཕྱིས་སུ་ཁོང་ཨན་ཀང་དུ་འདྲུད་འཐེན་འཁོར་ལོ་གཏོང་མཁན་དང་ས་འབུད་འཕྲུལ་འཁོར་གཏོང་མཁན་གནང་། ཁོང་ལས་ཀར་ཧུར་བརྩོན་ཆེ་ཞིང་དཀའ་སྤྱད་སྙིང་རུས་ཆེ་བས“དར་དམར་བ”དང་། “ངལ་རྩོལ་དཔེ་བཟང་བ” “སྔོན་ཐོན་ཐོན་སྐྱེད་པ” “སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་ཧུར་བརྩོན་ཅན”བཅས་ལ་ཐེངས་མང་བདམས་པ་དང་། ཨན་ཧྲན་གྲོང་ཁྱེར་གྱི་གཞོན་ནུ་ཧུར་བརྩོན་ཅན་གྱི་འཐུས་མིའི་ཚོགས་ཆེན་ལའང་ཞུགས་མྱོང་།

    1960ལོའི་ཟླ་1པོར་ལེ་ཧྥུང་དམག་མིར་ཞུགས། ལོ་དེའི་ཟླ་11པར་ཁོང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས།

    ལེ་ཧྥུང་གིས“ང་ནམ་ཡང་གཅུས་གཟེར་ཞིག་བྱེད་འདོད་ཡོད”ཅེས་གསུངས་མྱོང་ཞིང་། ཁོང་གིས“གཅུས་གཟེར”ཞིག་བྱེད་འདོད་པའི་སྙིང་སྟོབས་ལ་བརྟེན་ནས་ལས་རིགས་གང་ཞིག་གཉེར་ཡང་དེར་དགའ་ཞེན་དང་འབད་པ་གནང་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱས་རྗེས་བཞག་ཡོད། ལེན་ཤོག་ནས་ཁོང་རླངས་འཁོར་གཏོང་མཁན་གྱི་དམག་མིར་བཏང་རྗེས་ཁ་ལོ་བའི་ལག་རྩལ་ཧུར་ཐག་སྦྱངས་ཏེ་ཁ་ལོ་བ་ཚད་ལོན་པ་ཞིག་ཏུ་གྱུར། པན་ཀྲང་གནང་རྗེས། ཁོང་གིས་བློ་ཁོག་ཆེན་པོས་དོ་དམ་དང་ལས་ཀ་གང་བྱེད་ཀྱང་རང་ཉིད་ཀྱིས་མིག་དཔེ་བསྟན་ནས་སྣེ་འཁྲིད་པས་པན་ཤོག་ཡོངས་དམག་དཔུང་གི་སྔོན་ཐོན་མཉམ་སྡེབ་དུ་གྱུར།

    ཁོང་གིས་ཐུན་མོང་ལ་དགའ་ཞེན་དང་། འཐབ་གྲོགས་ལ་སེམས་ཁུར། མང་ཚོགས་ལ་དོ་ཁུར་བཅས་གནང་ནས། “རང་དོན་སྤུ་ཙམ་ཡང་མེད་པར་གཞན་དོན་རྐྱང་རྐྱང་སྒྲུབ་པ”དེ་མི་ཚེའི་བདེ་སྐྱིད་དང་སྤྲོ་སྣང་ཆེ་ཤོས་ཤིག་ཏུ་བརྩི་བ་མ་ཟད། ཉམས་ལེན་འབད་སྒྲུབ་དང་ལག་ལེན་ནན་ཏན་གྱིས“ཚད་ཡོད་ཀྱི་ཚེ་སྲོག་དེ་ཚད་མེད་ཀྱི་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་དུ་བློས་གཏོང་དགོས”ཅེས་གསུངས་ཡོད། ཁོང་གིས་རང་ཉིད་ཀྱིས་གྲོན་ཆུང་བསྲི་ཚགས་བྱས་ནས་བསགས་པའི་དངུལ་རྣམས་གནོད་འཚེ་ཕོག་པའི་མང་ཚོགས་དང་ཁྱིམ་ཚང་ལ་དཀའ་ངལ་ཆེ་བའི་འཐབ་གྲོགས་ཚོར་སྤྲོད་པ་མ་ཟད། རྒྱུན་དུ་དུས་ཆེན་དང་ངལ་གསོའི་དུས་ཚོད་རིང་དམག་དཔུང་བཅའ་སྡོད་བྱ་ཡུལ་ཉེ་འགྲམ་གྱི་མང་ཚོགས་ལ་བྱ་བ་བཟང་པོ་སྒྲུབ་ཀྱི་ཡོད། ཁོང་གིས་དེ་སྔ་སློབ་ཕྱིའི་ཟུར་ཁྲིད་པའི་འགན་འཁུར་ནས་རང་ཉིད་ཀྱི་དཔེ་བཟང་བྱ་སྤྱོད་ཐོག་ནས་ན་གཞོན་མི་རབས་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུར་ཤུགས་རྐྱེན་དང་ལྕག་སྐུལ་བྱེད་མྱོང་ཡོད།

    1962ལོའི་ཟླ་8པའི་ཚེས་15ཉིན། ལེ་ཧྥུང་གིས་སྐྱེལ་འདྲེན་ལས་འགན་སྒྲུབ་སྐབས་སྟབས་མ་ལེགས་པར་གཞུང་དོན་དུ་གྲོངས་ཤིང་། སྐབས་དེ་དུས་གཞི་ནས་དགུང་ལོ་22རེད། དམག་དཔུང་དུ་ལོ་2དང་ཟླ་8ཙམ་བཞུགས་རིང་། ཁོང་ལ་བྱ་དགའ་ཐེངས་མང་རག་པ་དང་། “དཔེ་བཟང་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི”དང“གྲོན་ཆུང་དཔེ་དམག”ལ་བདམས་པ་དང་ཧྥུ་ཧྲུན་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིར་ཡང་བདམས།

    1963ལོའི་ཟླ་3པའི་ཚེས་5ཉིན། མའོ་ཙེ་ཏུང་གིས“བློ་མཐུན་ལེ་ཧྥུང་ལ་སློབ་སྦྱོང་བྱེད་དགོས”ཞེས་པའི་ཕྱག་བྲིས་ཕྱག་བསྟར་མ་གནང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།