དབུ་ཤོག>ཆེད་སྒྲིག
  • ཧོང་ཅིས་ཀོང་། དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-15

    649053_yis_1623686400000_s.jpg

    འདི་ནི་ཧོང་ཅིས་ཀོང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས) 

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཝང་ཡུང་ཀྲེན།

    1931ལོར། ཧོང་ཅིས་ཀོང་སི་ཁྲོན་ཞིང་ཆེན་ཀྲུང་ཅང་རྫོང་གི་ཞིང་པ་དབུལ་པོ་ཞིག་གི་ཁྱིམ་དུ་འཁྲུངས་ཤིང་། ཕ་སྔ་ས་ནས་འདས་ཟིན་པས་ཁོང་ལོ་10ལ་སོན་པ་ནས་ས་བདག་ལ་ཁྲལ་རྒྱུག དཀའ་སྡུག་ཚད་མེད་མྱངས་པའི་ཨ་མས་ཧོང་ཅིས་ཀོང་ལ་ནར་སོན་རྗེས་དབུལ་པོ་ཡར་ལངས་ཀྱི་ཆེད་དུ་ནུས་ཤུགས་འདོན་དགོས་པའི་བསླབ་བྱ་བྱས།

    1951ལོའི་ཟླ་3པར། ཧོང་ཅིས་ཀོང་གིས་མེས་རྒྱལ་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ཀྲུང་གོ་མི་དམངས་དང་བླངས་དམག་ལ་ཞུགས།

    1952ལོའི་ཟླ་10པར། ཧྲང་ཀན་ལིང་དམག་འཁྲུག་རྒྱག་འགོ་ཚུགས། ཧོང་ཅིས་ཀོང་གནས་སའི་ཡིང་ཤོག་གིས་ཟླ་10ཚེས་19ཉིན་གྱི་མཚན་མོར་བཀའ་ལྟར་ཧྲང་ཀན་ལིང་ནུབ་ངོས་ཀྱི་སྨི་597.9ཟིན་པའི་མཐོ་ས་བཟུང་བ་དང་། དཔུང་སྡེས་གཡུལ་ས་3བསྟུད་མར་བླངས་རྗེས་མདུན་སྐྱོད་མ་ཐུབ་པར་གས་གཏོར་ཐེངས་3བྱས་ཀྱང་ནུས་མ་ཐོན། སྐྱ་མདའ་གཏོང་ལ་ཉེ་ཞིང་། མཐོ་ས་བཟུང་ས་སྒང་མ་ཐུབ་ཚེ་དམག་འཐབ་ཀྱི་གོ་སྐབས་ཚང་མ་ཤོར་ཉེན་ཆེ་བས་འགག་རྩའི་མཚམས་སུ་སྐབས་དེ་དུས་འཕྲིན་གཏོང་པ་ཡིན་པའི་ཧོང་ཅིས་ཀོང་གིས་དཔའ་ངར་དང་བཅས་འབར་གཏོར་ལས་འགན་འཁུར་རྒྱུའི་རེ་འདུན་ཞུས།

    ཧོང་ཅིས་ཀོང་སོགས་དགྲ་བོ་དང་བར་ཐག་སྨི་50ཡོད་པའི་ས་མཚམས་སུ་སླེབས་སྐབས་དགྲ་བོས་མཐོང་བ་དང་། འོད་མདེལ་དང་རྒྱང་མྱུལ་གློག་སྒྲོན་སྤར་ནས་རི་ལྡེབས་སུ་ཉིན་མོ་ལྟར་དུ་སྣང་། མེ་མདའ་སྦག་སྦག་གི་མདེའུ་ཆར་པ་བབས་པ་ལྟར་ཁོང་ཚོ་གབ་སའི་ཕྱོགས་སུ་བབས་པས་མི་གསུམ་སྔ་རྗེས་སུ་འགྱེལ། འཐབ་འཛིང་པ་གཉིས་ལས་གཅིག་ཤི་བ་དང་གཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་པ་དང་། ཧོང་ཅིས་ཀོང་གི་དཔུང་པ་གཡོན་མ་རྨས།

    དགྲ་བོའི་ས་ཕུང་དང་བར་ཐག་སྨི་10ལས་མེད་པའི་མཚམས་སུ། ཧོང་ཅིས་ཀོང་གིས་ལག་གཡས་པས་ལུས་པོ་སྐྱོར་ནས་ལག་འབོམ་གཡུགས་ནའང་དགྲ་བོའི་མེ་མདའ་རྒྱག་མཚམས་ཡུད་ཙམ་ལས་ཆད་མེད། ཧོང་ཅིས་ཀོང་གིས་དགྲ་བོའི་མེ་མདའ་འཕེན་མི་ཐུབ་པའི་བཙན་རྫོང་གི་འོག་བར་དཔའ་ངར་ཆེན་པོས་གོག་བགྲོད་ཀྱིས་བསྐྱོད། ཁོང་གིས་ཙོག་བུར་བསྡད་དེ་འཐབ་འཛིང་པ་ཚོར་ཕྱིར་མིག་ཅིག་བལྟས་ནས་ལག་པ་གཡུག་གཡུག་གིས་སྐད་ཤུགས་ཆེན་པོས་སྐད་ཆ་བཤད་ཀྱང་མདེལ་སྒྲའི་ཁྲོད་དུ་ཁོང་གིས་ཅི་ཞིག་བཤད་པ་སུས་ཀྱང་ཐོས་མེད་པར་ཧོང་ཅིས་ཀོང་གིས་ཧོབ་ཏེ་ཡར་ལངས་ནས་བཙན་རྫོང་ཕྱོགས་སུ་མཆོངས་ཏེ་བྲང་ཁོག་གིས་མེ་མདའ་སྦག་སྦག་གི་ཁ་བཀག་པས་དགྲ་བོའི་མེ་མདའ་སྦག་སྦག་རྒྱག་ཐབས་བྲལ་བར་གྱུར། འཐབ་གྲོགས་ཚོས“ཧོང་ཅིས་ཀོང་གི་དགྲ་ཤ་ལེན་དགོས”ཅེས་འབོད་བཞིན་གདོང་མཆོང་གིས་མཐོ་ས་ཚུར་ལ་བླངས་དམག་བརྒྱབ་རྗེས། ཧོང་ཅིས་ཀོང་གི་བྲང་ཁོག་འཚིག་ནས་ནག་རྐྱང་ཆགས་པ་མ་ཟད། སྦྲང་ཚང་ལྟ་བུའི་མདེའུ་ཁུང་གོར་མིག་གིས་ཁེངས་ཡོད་པ་རེད། ཁོང་གིས་དགྲ་བོའི་བཙན་རྫོང་ཕྱོགས་སུ་གོག་བགྲོད་ཀྱིས་བསྐྱོད་པའི་ཤུལ་དུ་སྨི་10ལྷག་ཙམ་ཟིན་པའི་ཁྲག་ཤུལ་ཡང་ཡོད་པ་རེད།

    དམག་འཁྲུག་མཇུག་འགྲིལ་རྗེས། ཧོང་ཅིས་ཀོང་ཀྲུང་གོ་གུང་ཁྲན་ཏང་གི་ཏང་ཡོན་ཡིན་པའི་ཁས་བླངས་པ་དང་། དམིགས་བསལ་གྱི་བྱས་རྗེས་དང“དཔའ་བོ་ཁྱད་འཕགས་ཅན”གྱི་མཚན་སྙན་རྗེས་སྤྲོད་བྱས་པ། དེ་དང་ཆབས་ཅིག་ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཆེས་མཐོའི་མི་དམངས་ཚོགས་འདུའི་ལས་འགན་རྒྱུན་འཛིན་ཨུ་ཡོན་ལྷན་ཁང་གིས“ཁྲའོ་ཞན་དམངས་གཙོ་རིང་ལུགས་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔའ་བོའི”མཚན་སྙན་དང་། གསེར་གྱི་སྐར་མའི་རྟགས་མ། རིམ་པ་དང་པོའི་རྒྱལ་དར་གྱི་བྱས་རྗེས་གཟེངས་རྟགས་བཅས་རྗེས་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།