
བོད་ཀྱིས་ཁ་གཏད་བོད་སྐྱོར་གྱི་དབུལ་སྐྱོར་ལས་དོན་ཟབ་གཏོང་ཚོགས་འདུ་བསྟུད་མར་འཚོགས་ཏེ“ཀྲུང་དབྱང་ཁེ་ལས་ཀྱིས་དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་ངང་སྤེལ་བ་དང་། གནད་སྨིན་ཇུས་བསྟར་དང་གནད་སྨིན་རོགས་སྐྱོར་བྱས་པ་བརྒྱུད་བོད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལས་རྣམ་པར་རྒྱལ་བ་དང་མི་རིགས་ཁག་གི་མི་དམངས་ལྟོ་གོས་ལ་སེམས་ཁྲལ་མི་དགོས་པ་དང་འོས་འགན་སློབ་གསོ་དང་། གཞི་རྩའི་སྨན་བཅོས། སྡོད་ཁང་བདེ་འཇགས་བཅས་ལ་འགན་ལེན་བྱུང་ཡོད། 2019ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8ཚང་མ་དབུལ་སྒྲོལ་ཐུབ་པ་དང་རྫོང་དང་ཆུས་དབུལ་པོ་74ཚང་མ་དབུལ་ཞྭ་ཕུད་ཐུབ་ནས་ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་རྐྱང་གི་གནད་དོན་ཐག་གཅོད་བྱས་པ་དང་དབུལ་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད།
སྟེང་གི་པར་བཞི་པོ་ནི་2021ལོའི་ཟླ་2ཚེས་9ཉིན། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་གྱི་ཞིང་འབྲོག་པར་བགོ་འགྲེམས་རག་པའི་དགའ་ཚོར་གྱི་རྣམ་པ་ཡིན་པ།
འོག་གི་པར་ནི་ཆབ་མདོ་གྲོང་ཁྱེར་བྲག་གཡབ་རྫོང་མཁར་སྒང་གྲོང་ཚོའི་གྲོང་མིས་ས་གནས་འདི་གའི་སྡོང་ཕྲུག་ཐོན་ལས་རྟེན་གཞིར་མེ་ཏོག་སོས་པའི་སོན་བསྡུ་བཞིན་ཡོད་པ་དང་། དེ་སྔོན་གྱི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དེ་གར་ལས་ཞུགས་ཐུབ་ནས་དབུལ་སྒྲོལ་བྱུང་ཡོད།