མངའ་རིས་ས་ཁུལ་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་དྲིལ་བསྒྲགས་འཕྲིན་སྤེལ་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་པའེ་ཝེན་ཕེང་གིས་བཅར་འདྲི་དང་ལེན་བྱེད་སྐབས། འདས་ཟིན་པའི་ལོ་གཅིག་ནང་མངའ་རིས་ས་ཁུལ་གྱིས་དབུལ་སྒྲོལ་རྣམ་གྲངས་ཀྱི་དོན་འཁྱོལ་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་ཡོངས་ཀྱིས་དབུལ་སྒྲོལ་རྣམ་གྲངས་ཁྱོན་246ལག་བསྟར་བྱས་པར་མ་དངུལ་སྒོར་ཁྲི་85038.23ཟིན་པ་དང་། རྫོང་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་སྒོར་ཁྲི་84780.66སྤྱི་འདོམས་བསྡུ་སྒྲིལ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
འདས་ཟིན་པའི་ལོ་གཅིག་ནང་མངའ་རིས་ས་ཁུལ་གྱིས་མང་ཚོགས་ཀྱི་སྡོད་ཁང་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱས་ཏེ་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་ཀྱི་འདུ་འགོད་ལ་སྐུལ་འདེད་དང་། གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་དུད་ཚང་1881སྒྱུར་བཀོད་ཀྱི་ཡིག་ཚགས་ཆ་འཕྲིན་ཐོ་འགོད་ལས་དོན་ལེགས་གྲུབ་ཟིན་ནས“དུད་ཚང་རེར་ཡིག་ཚགས་རེའི”ཡིག་ཚགས་དཔྱད་གཞི་ཚད་ལྡན་དུ་བཏང་བ་རེད།
འདས་ཟིན་པའི་ལོ་གཅིག་ནང་མངའ་རིས་ས་ཁུལ་གྱིས་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིར་སྐུལ་འདེད་གཏིང་ཟབ་བཏང་ཞིང་། ཁྱོན་མ་དངུལ་སྒོར་དུང་ཕྱུར་36.29གཏོང་འཆར་ཡོད་པའི་ཐོན་ལས་དང་། གསོ་སྦྱོང་། ཆུ་བེད། གློག་ཤུགས། འགྲིམ་འགྲུལ། འཕྲིན་གཏོང་། སློབ་གསོ། ཉེན་ཡོད་སྡོད་ཁང་སྒྱུར་བཀོད་སོགས་རིགས་8ཀྱི་རྣམ་གྲངས་218ནས་215ལེགས་སྒྲུབ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་36.99དམིགས་སར་འབྱོར་བ་དང་། མིག་སྔར་མ་དངུལ་སྒོར་དུང་ཕྱུར་36.20བཏང་བའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞིའི་རྣམ་གྲངས་ལག་བསྟར་བྱས་པ་ལས་མང་ཚོཌ་དབུལ་པོའི་ཆུ་དང་གློག་དཀོན་པ་དང་། སློབ་ཞུགས་དང་ཕྱིར་སྐྱོད་དཀའ་བའི་དཀའ་གནད་ཐག་གཅོད་ཐུབ་ནས་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཐད་ཀྱི་ཞན་ཆ་བསལ་བ་རེད།