དབུ་ཤོག>ཆེད་སྒྲིག
  • ​ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ལི་ཞུའེ་ལེང་ལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-11

    ཉེ་ཆར། གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་གི་ཀྲུའུ་རེན་ལི་ཞུའེ་ལེང་གིས། སྦྲ་ཆེན་རྫོང་གིས་མང་ཚོགས་དབུལ་པོ“རྟ་ལ་བསྐྱོན་ནས་ཡར་ཙམ་སྐྱེལ་རྒྱུ”མཐའ་འཁྱོངས་བྱས་ཏེ། དབུལ་སྐྱོར་སྲིད་ཇུས་སྤྱི་ཡོངས་བརྟན་པོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས“མཚམས་མི་འཇོག་པ་བཞིའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་པ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ཏེ། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་གི་ལས་དོན་ཁག་ལ་ཤུགས་སྣོན་བརྒྱབ་ནས་ཡོང་འབབ་དམའ་བའི་མི་འབོར་ལ་གཙོ་གནད་ཐོག་དོ་ཁུར་གྱིས་རོགས་སྐྱོར་བྱས་པ། རོགས་སྐྱོར་ཐོན་ལས་མུ་མཐུད་སྟོབས་ཆེར་བཏང་སྟེ། འབྲོག་ལས་ཐོན་ལས་ལ་དམིགས་ནས་སྦྲ་ཆེན་རྫོང་གི་དབུལ་སྐྱོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་ས་མཐོའི་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཛུཌ་སྐྱོང་ལ་སྐུལ་འདེད་བཏང་བ། དབུལ་སྒྲོལ་མི་འབོར་གྱི་ལས་ཞུགས་བརྟན་པོ་དང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་བ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད་ཅེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།