ཀུན་སེམས་གཅིག་སྒྲིལ་སེམས་ནུས་མཉམ་དུ་བཏོན། མང་ཚོགས་དབུལ་སྒྲོལ་གྲོང་གསེབ་དར་ཞིང་རྒྱས།
གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འཕྲུལ་ཉམས་བཟོའི་གསོ་སྦྱོང་བྱས་པ་བརྒྱུད་ཡིག་ཚགས་དང་གཱ་བཟོས་པའི་དཀའ་ངལ་ཡོད་པའི་མང་ཚོགས་ཁག་གཅིག་གིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ཐུབ་པ་བྱུང་ཡོད། གསོ་སྦྱོང་ནང་ཞུགས་མཁན་མང་ཚོགས་ཀྱིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་རྗེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའམ་ཡང་ན་ཕྱིར་གླ་པར་བསྐྱོད་པས་འབབ་འཕར་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་ཏན་ཏིག་ཕྱིན་ཡོད་པ་རེད། འདི་ནི་ཞིང་འཕྲུལ་ཉམས་བཟོ་གསོ་སྦྱོང་ནང་ཞུགས་མཁན་ལ་ཞིང་འཕྲུལ་བཟོ་སྟངས་སློབ་བཞིན་པ།
གཞིས་རྩེའི་ཞིང་འབྲོག་ཁུལ་གྱི་ཤེས་ལྡན་མི་སྣ་དར་རྒྱས་གཏོང་བའི་ལས་དོན་ལ་ཞབས་འདེགས་ཡག་པོ་ཞུ་ཆེད། བསམ་གྲུབ་རྩེ་ཆུས་ཀྱིས་གསར་གཏོད་རང་བཞིན་གྱི་སྒོ་ནས་བོད་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་སློབ་གླིང་དང་པོ་དེ་བཙུགས་པ་རེད། སློབ་གླིང་གིས་གྲོང་གསེབ་དར་རྒྱས་གཏོང་བའི་ཤེས་ལྡན་མི་སྣ་གསོ་སྦྱོང་བྱ་རྒྱུར་དམིགས་ཏེ། མང་ཚོགས་སྒོ་རྩར་ལས་ཞུགས་ཐུབ་པ་དང་། གྲོང་ཚོ་རིམ་པའི་མཉམ་ལས་ཁང་ཚད་ལྡན་དང་རིམ་སྤོར། སློབ་གྲྭ་ཆེ་མོ་བ་ལས་གཏོད་ལས་ཞུགས་བཅས་ལ་ཞབས་འདེག་ཞུས་པ་རེད།
དེ་ནི་གཞིས་རྩེ་གྲོང་ཁྱེར་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱས་པར་ཐོབ་པའི་གྲུབ་འབྲས་བཟང་པོའི་མཚོན་བྱེད་ཙམ་ཞིག་རེད།
ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ།
འདི་ལོ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་སྲིད་ཇུས་གཅིག་དང་གོམ་སྟབས་གཅིག་མཐའ་འཁྱོངས་བྱས་ཏེ་དུས་བབ་ཀྱི་འགྱུར་ལྡོག་ལ་དམ་པོར་དམིགས་ནས་དབུལ་པོ་ཉུང་གཏོང་གི་འཐབ་ཇུས་དང་ལས་ཀའི་མ་ལག་བརྟན་པོའི་ངང་གཞན་སྒྱུར་བྱ་རྒྱུར་སྐུལ་འདེད་བཏང་བས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་ནས་ལས་ཀ་དང་སྲིད་ཇུས་ཐད་སྟོང་ཆ་མི་ལུས་པ་བྱུང་ཡོད།
སྔོན་ནས་ཇུས་འགོད་དང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བའི་འགན་ལེན་ཏན་ཏིག་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས“རིམ་ལྔའི་ཧྲུའུ་ཅིས་དབུལ་སྒྲོལ་སྲ་བརྟན་དང་གྲོང་གསེབ་དར་རྒྱས་ཡོང་རྒྱུར་དམ་འཛིན་བྱ་རྒྱུ”ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས“འགན་འཁུར་བ་ཨང་དང་པོའི་འགན་འཁྲི”ནན་དུ་བཏང་སྟེ་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་གྲོང་ཚོའི(གྲོང་ལྷན)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་གྲོང་ཚོའི(གྲོང་ལྷན)གནས་ཚུལ་རྩད་གཅོད་ཏན་ཏིག་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ལ་སྐུལ་འདེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པའི་འགན་འཁྲི་དང་། སྲིད་ཇུས། ལས་དོན་བཅས་དོན་འཁྱོལ་བྱས་ཡོད།
མི་སྣ་ཁ་ཐོར་དུ་མི་འགྲོ་བ་དང་སྟོབས་ཤུགས་མི་ཆག་པ་བྱས་ཤིང་། དེ་སྔའི་གཞིས་རྩེ་གྲོང་ཁྱེར་གྱི་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཚན་ཁག་གི་ཁོངས་མིར་འགྱུར་བ་མི་གཏོང་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་ད་ཡོད་ཀྱི་ཆེད་དོན་ཚོགས་ཆུང་དང་བཀོད་འདོམས་པུའི་གཞུང་ལས་ཁང་གི་མི་སྣའི་སྟོབས་ཤུགས་གང་ལེགས་སྤྱད་ནས་གཞིས་རྩེ་གྲོང་ཁྱེར་དབུལ་སྐྱོར་གསར་སྤེལ་གཞུང་ལས་ཁང་དང་མཉམ་འདྲེས་གཏིང་ཟབ་ཀྱིས་རྫོང་དང་ཆུས་སུ་དེ་མཚུངས་ཀྱི་སྒྲིག་གཞི་བཙུགས་པ་དང་། རྫོང་དང་ཆུས་18དང་ཤང་དང་གྲོང་རྡལ་204ཡི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་སྤྱི་ཡོངས་བརྟན་པོ་ཡོང་བ་བྱས་པས་རྫོང་དང་ཆུས་ཀྱི་ཆེད་ལས་ལས་བྱེད་པ་20ཡན་ཟིན་པ་དང་ཤང་དང་གྲོང་རྡལ་གྱི་ཆེད་ལས་ལས་བྱེད་པ་5ཡན་ཟིན་ཡོད།
མ་དངུལ་བསྡུ་རུབ་དང་ཚད་གཞི་དམའ་རུ་མི་འགྲོ་བ་བྱས་ཤིང་། དབུལ་སྒྲོལ་འགག་སྒྲོལ་གྱི་མ་དངུལ་བསྡུ་སྒྲིལ་ཐད་མུ་མཐུད་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱ་རྒྱུར་སྤྱི་འདོམས་འཆར་འགོད་བྱས་ནས་ཐོན་ལས་འཕེལ་རྒྱས་དང“མཐོར་གཏོང་བཅུ”སོགས་ཀྱི་ལས་གྲྭའི་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད། ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་23.61སྤྱི་འདོམས་བསྡུ་སྒྲིལ་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུའི་ཐད་གཅིག་སྡུད་ཐོག་སྤྱོད་པ་དང་དངུལ་རྩའི་སྒྲིག་གཞིས་དབུལ་སྐྱོར་རྣམ་གྲངས་དང་སྦྲེལ་མཐུད་དང་ཡིད་རྟོན་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་ལྕག་བྱས་ཡོད།
ནང་གནས་སྒུལ་ཤུཌ་མུ་མཐུད་འཕེལ་བར་བྱས་པ།
འདི་ལོ་ཚུན། གཞིས་རྩེ་གྲོང་ཁྱེར་གྱིས་བློ་སྐྱོར་དང་རིག་སྐྱོར་གཉིས་མཐའ་འཁྱོངས་དང་། ཡོང་འབབ་མང་དུ་དང་བསམ་བློ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཟུང་འབྲེལ། ལྕག་སྐུལ་དང་གཅུན་འདོམས་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བཅས་བྱས་ནས་མང་ཚོགས་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་ཁྲོད་མི་སྣ་གཙོ་བོ་དང་བྱེད་པོ་གཙོ་བོར་འགྱུར་རྒྱུར་ཁྲིད་སྟོན་བྱས་ཡོད།
སློབ་གསོ་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་ཞིང་། “སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་རྒྱ་ཁྱབ་དང་རྒྱུན་མཐུད་ངང་སྤེལ་ཏེ་མང་ཚོགས་ལ་ཏང་གི་བཀའ་དྲིན་བརྗོད་རྒྱུར་སྣང་ཆེན་དང་། དུས་བབ་བཟང་པོར་སྣང་ཆེན། དམངས་ཕན་སྲིད་ཇུས་ལ་སྣང་ཆེན། རང་སྟོབས་རང་སྤེལ་ལ་སྣང་ཆེན། ཕྱུག་འགྱུར་གྱི་དཔེ་མཚོན་ལ་སྣང་ཆེན་བཅས་བྱས་ནས་མང་ཚོགས་ཀྱིས་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།
མང་ཚོགས་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་ཞིང་། གྲོང་ཚོ་ནས་ཤང་དང་རྫོང་ནས་གྲོང་ཁྱེར་བར་རིག་རྩལ་དྲིལ་བསྒྲགས་དང“གཤམ་སྤེལ་ལྔ”སོགས་ཀྱི་བྱེད་སྒོ་སྤེལ་རྒྱུ་སྒྲིག་འཛུགས་བྱས་ནས་མང་ཚོགས་ལ་དོ་སྣང་བྱེད་ས་དང་དོ་ཁུར་བྱེད་ས་དེ་ཐོན་སྐྱེད་འཕེལ་རྒྱས་དང་། ལས་བརྩོན་ཕྱུག་འགྱུར། སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བཅས་ཀྱི་ཐོག་གཅིག་སྡུད་བྱ་རྒྱུའི་ཁྲིད་སྟོན་བྱས་ཡོད།
ལག་ལེན་གྱི་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་བཏང་ཞིང་། རྒུད་སྐྱོབ་བྱེད་སྟངས་དང“བུ་རྫི་རྣམ་པའི”དབུལ་སྒྲོལ་དེ“ཉ་འཛིན་སྟངས་སློབ་པའི”དབུལ་སྒྲོལ་དུ་བསྒྱུར་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རང་རྟོགས་ངང་ཐོན་སྐྱེད་འཕེལ་རྒྱས་གཏོང་བ་དང་། རང་བརྟེན་དབུལ་སྒྲོལ་ཕྱུག་འགྱུར་གྱི་དཔེ་མཚོན་དྲིལ་བསྒྲགས་ཤུགས་ཆེན་བྱས་ནས་མང་ཚོགས་ཁྲོད་འགྲན་སློབ་སྙེག་བརྒལ་དང་སྔོན་བརྩོན་ཕྱུག་འགྱུར་གྱི་ཚ་རླབས་ཤིག་འཕྱུར་བར་བྱས་ཡོད།
དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་བ།
དབུལ་སྒྲོལ་གྱི་རྨང་གཞི་དེ་བས་བརྟན་དུ་དང་ཕན་འབྲས་དེ་བས་རྒྱུན་མཐུད་ཐུབ་ཆེད། གཞིས་རྩེ་གྲོང་ཁྱེར་གྱིས་དུས་བབ་ཀྱི་རྗེས་སུ་བསྙེགས་ནས་བླང་བྱ་འཕྱུགས་མེད་འདོན་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ཀྱི་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
གྲོང་གསེབ་མི་འབོར་གྱི་ཡོང་འབབ་མང་དུ་བཏང་ཞིང་། “འབབ་འཕར་དོན་ཚན་བཅུའི”བྱེད་ཐབས་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་བྱས་ནས་ཞིང་འབྲོག་མང་ཚོགས་ཀྱི་རང་འགུལ་གྱི་འཕེལ་རྒྱས་ནུས་པ་དང་། རང་བརྟེན་ནུས་པ། རྒྱུན་མཐུད་འབབ་འཕར་གྱི་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཞིང་འབྲོག་ཁུལ་གྱི་ཡོང་འབབ་དམའ་བའི་མང་ཚོགས་དང་མང་ཚོགས་གཞན་དག་དབར་གྱི་ཡོང་འབབ་ཀྱི་ཧེ་བག་ཟམ་མི་ཆད་པར་ཆུང་དུ་བཏང་ཡོད།
ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་ནན་དུ་བཏང་ཞིང་། སྣེ་འདྲེན་སྟོབས་ཆེར་གཏོང་བ་དང་། སྦྲེལ་མཐུད་ལ་དམ་འཛིན་བྱེད་པ། ཞིང་དུད་ལ་སྣེ་ཁྲིད་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཐབས་ལམ་མང་པོར་བརྟེན་ནས་སྣེ་འདྲེན་ཁེ་ལས་དང་། ཆེད་ལས་མཉམ་ལས་རྩ་འཛུགས། ཁྱིམ་ཚང་ཞིང་ར་སོགས་ཀྱི་གཉེར་སྐྱོང་བྱེད་པོ་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས། “ཀུང་སི+རྟེན་གཞི+མཉམ་ལས་ཁང་+ཞིང་འབྲོག་དུད་ཚང”གི་འཁོར་རྒྱུག་བྱེད་སྟངས་རྒྱ་ཁྱབ་ངང་ཁྱབ་གདལ་གཏོང་བ་དང་། ས་ཞིང་ནང་བཤུག་དང་མངགས་ཐོའི་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་ནུས་ལྡན་སྟབས་བསྟུན་ངང་སྤྱོད་པ། མ་མཐའི་ཁེ་སྤོགས་འགན་ལེན་དང་མ་རྐང་ལྟར་ཐོབ་ཆ་བགོ་བ་སོགས་ཀྱི་ཁེ་ཕན་བགོ་བཤའི་རྣམ་པ་སྣ་ཚོགས་ཁྱབ་གདལ་ཧུར་ཐག་བཏང་སྟེ། ཐོན་ཁུངས་སྤེལ་རེས་དང་ཁེ་ཕན་མཉམ་སྤྱོད་ཀྱི“མཉམ་འབྲེལ་སྒྲིག་གཞི”ཞིག་དངོས་འབྲེལ་ཆགས་པ་བྱས་ནས་མང་ཚོགས་ལ་ཐོན་ལས་ཀྱི་རིན་ཐང་འཕར་བའི་ཕན་འབྲས་ལོངས་སྤྱོད་ཐུབ་པ་བྱས་ཡོད།
གནད་སྨིན་ལས་ཞུགས་གཞན་སྒྱུར་བྱེད་ཁྱོན་ཕྱོགས་ཡོངས་ནས་ཆེ་རུ་བཏང་ཞིང་། གནད་སྨིན་ལས་ཞུགས་ཀྱི་རྩལ་ནུས་གསོ་སྦྱོང་དང་ལས་ཞུགས་གཞན་སྒྱུར་གྱི་གཞི་ཁྱོན་རྒྱ་ཆེར་བཏང་སྟེ་ལས་ཞུགས་ཐུབ་ཚད་མང་དུ་གཏོང་བ་དང་། ལས་ཞུགས་ཀྱི་ལས་གནས་གསར་སྤེལ། ལས་ཞུགས་ཀྱི་ལས་སྟེགས་སྐྲུན་པ། ལས་ཞུགས་ཀྱི་ཞབས་ཞུ་ལེགས་སུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་ཀྱི་ངལ་ནུས་ལྷག་མ་ལས་ཞུགས་གང་ལེགས་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ“མི་གཅིག་ལས་ཞུགས་ཐུབ་ན་ནང་མི་ཚང་མ་ཕྱུག་པོ་ཆགས་པའི”གྲུབ་འབྲས་སྲ་བརྟན་དུ་བཏང་ཡོད།