གཡག་ཐེར་འཁེལ་འཐག་བཟོ་རྩལ་ལ་ད་བར་དུ་ལོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། སྔོན་མ་མང་ཚོགས་ཀྱིས་གཡག་ཐེར་གྱི་ཆོས་གོས་བཙེམས་ནས་བླ་མ་སྐྱེས་ཆེན་ལ་ཕུལ་གྱི་ཡོད་ཅིང་། དེ་ནས་སྐུ་དྲག་དང་ཚོང་པ་ཆེ་རིགས་ཀྱི་ཁྲོད་དུ་རིམ་བཞིན་དར་ཁྱབ་བྱུང་། ཕྱིས་སུ་གཡག་ཐེར་དང་དེ་བཞིན་གཡག་ཐེར་གྱིས་བཙེམས་པའི་གྱོན་གོས་ལྗོངས་ཡོངས་སུ་སྐད་གྲགས་ཆོད། 1642ལོ་ནས་བཟུང་བོད་རྙིང་པའི་ས་གནས་དཔོན་རིགས་ཀྱི་གྱོན་ཆས་རས་ཆར་གྱུར་པའི་གཡག་ཐེར་ལ་གསར་སྤེལ་གྱི་རིན་ཐང་དང་། གསོག་ཉར་གྱི་རིན་ཐང་། ཡུལ་སྐོར་གྱི་རིན་ཐང་བཅས་ཆེན་པོ་ལྡན་པ་མ་ཟད། ཁྲོམ་རའི་ཚོང་ལས་གོ་སྐབས་དང་དཔལ་འབྱོར་གྱི་ཕན་འབྲས་ཀྱང་ཆེན་པོ་ལྡན་ཡོད།
2013ལོའི་ཟླ་དང་པོར་ཁང་གཞུང་ཤང་གི་མང་ཚོགས་དབུལ་པོ་28ཀྱིས་སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་དེ་མི་ཉམས་གོང་འཕེལ་དང་ཉམས་པ་སོར་ཆུད་བྱ་ཆེད། མ་དངུལ་སྒོར་ཁྲི་28.4རང་གྲབས་བྱས་ཏེ་གཡག་ཐེར་འཁེལ་འཐག་བཟོ་རྩལ་གྱི་རྒྱུན་འཛིན་པ་རྣམ་སྒྲོལ་གྱིས་ལས་འཛིན་པ་བྱས་པའི་རིན་སྤུངས་རྫོང་ཁང་གཞུང་ཤང་གཡག་ཐེར་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་རེད།
ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་འོག མཉམ་ལས་ཁང་ཆུང་བ་ནས་ཆེ་བ་དང་ཉམས་ཞན་ནས་སྟོབས་ཆེར་སོང་སྟེ། ཆེད་ལས་མཉམ་ལས་རྩ་འཛུགས་འདི་ཉིད་མདུན་ཕྱོགས་སུ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏོང་བ་དང་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབབ་འཕར་ཡོང་བ་བྱེད་པའི་ཚབ་མཚོན་དང་བཀྲག་མདངས་འཚེར་བའི་མིང་བྱང་ལྟ་བུར་གྱུར་ཡོད།
རྣམ་སྒྲོལ་གྱིས་གསར་འགོད་པར། མཉམ་ལས་ཁང་གིས་གཡག་ཐེར་བལ་རྒྱུའི་ཐོན་རྫས་ལས་སྣོན་གཙོ་བོར་བྱས་པའི་ཁར། ས་བབ་མཐོ་ཚད་སྨི་4300ཡན་གྱི་ས་མཐོའི་བལ་བདམས་པ་དང་། རྩྭ་རྩི་ཤིང་གི་ཚོས་ཆེན་རྒྱག་པའི་སྲོལ་རྒྱུན་ལས་སྣོན་བཟོ་རྩལ་ལ་བརྟེན་ནས་རས་ཆ་འཁེལ་འཐག་བྱེད་ཀྱི་ཡོད་ཅེས་བཤད་བྱུང་།
2016ལོར་མཉམ་ལས་ཁང་གིས་རྒྱལ་ཁབ་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ལག་བསྟར་བྱེད་པའི་གོ་སྐབས་དམ་པོར་བཟུང་སྟེ། གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མ་དབུལ་སྐྱོར་གསར་སྤེལ་ཀུང་སིས་མ་དངུལ་སྒོར་ཁྲི་1000མཉམ་བསྡུ་བྱས་པ་བརྒྱུད། སྨི་ངོས་གྲུ་1000ཡོད་པའི་ཨར་འདམ་ལྕཌ་བསྲེས་མའི་བཟོ་ཁང་གསར་སྐྲུན་བྱས་ཁར། བཟོ་རྟགས་186གི་བལ་བསྲེས་འཕྲུལ་ཆས་3དང་། བཟོ་རྟགས་YPགྱི་དབུར་འཕྲུལ་1 KSZXརིགས་འབྲེལ་གྱི་ཚོས་རྒྱག་འཕྲུལ་འཁོར་1 བལ་གྱི་མ་བཅོས་རྒྱུ་ཆ་ཏུན་20བཅས་ཉོ་སྒྲུབ་བྱས་ཏེ། ཐོན་སྐྱེད་གཉེར་སྐྱོང་གི་གཞི་ཁྱོན་ནུས་ཤུཌ་ཡོད་རྒུས་ཆེ་རུ་བཏང་ནས་སྐྱོན་བྲལ་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བ་བྱས།
2018ལོར་མཉམ་ལས་ཁང་གིས་རྫོང་སྲིད་གཞུང་དང་ཐོན་ལས་ལ་བརྟེན་ནས་དབུལ་པོར་སྣེ་ཁྲིད་བྱ་རྒྱུའི་གྲོས་མཐུན་བཞག་ཅིང་། མཉམ་ལས་ཁང་དང་དུད་ཚང་དབུལ་པོ་ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་སྤྱད་དེ། མང་ཚོགས་དབུལ་པོ་དང་ཐོན་ཁུངས་མཉམ་སྤེལ་དང་ཁེ་ཕན་མཉམ་སྤྱོད་ཀྱི“མཉམ་འབྲེལ་སྒྲིག་གཞི”ཞིག་ཆགས་པར་བྱས་ཡོད།
རྣམ་སྒྲོལ་གྱིས་2018ལོའི་ཚུན་དུ་མཉམ་ལས་ཁང་གི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་1169དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་480.1ཟིན་པ་དང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བགོ་འགྲེམས་སྒོར་ཁྲི་28.5བརྒྱབ་པ། དུད་ཚང་དབུལ་པོ་499ཡི་མི་གྲངས་2279ལ་ཕན་པ་ཐོབ་ཡོད། ཡུལ་དེ་རང་ནས་མང་ཚོགས་དབུལ་པོ་166བསྡུས་ཏེ་ལས་ཞུགས་བྱ་ཚུལ་བརྟན་དུ་བཏང་བ་དང་རིམ་རྩིས་བྱས་ན་གླ་ཆ་སྒོར་ཁྲི་247.5སྤྲད་དེ། མང་ཚོགས་དབུལ་པོ་རང་ས་རང་ཡུལ་ནས་བྲལ་མི་དགོས་པར་ཐོན་ལས་འཕེལ་རྒྱས་གཏོང་བར་ཞུགས་ནས་དབུལ་སྒྲོལ་དང་ཕྱུག་འགྱུར་བརྟན་པོ་ཡོང་བ་བྱས་པ་རེད།