ཇི་ལྟར་བྱས་ཏེ་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པ་བྱས་ཡོད་དམ །
དུས་རབས་ཀྱི་གོམ་སྟབས་དང་བསྟུན་པ་དང་མི་དམངས་དང་བདེ་སྡུག་མཉམ་མྱོང་བྱས་ཏེ་དུས་རབས་དང་ལག་ལེན་གྱིས་བཏོན་པའི་ཞིབ་འཇུག་བྱ་གཞི་འགངས་ཆེན་ལ་དོ་ཁུར་དང་ལན་འདེབས་རྒྱུ་དེ་མར་ཁེ་སི་རིང་ལུགས་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་ནམ་ཡང་གནས་པའི་ངོ་མཚར་དེ་ཡིན།
1.མར་ཁེ་སི་རིང་ལུགས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད།
ང་ཚོས་ཚན་རིག་དང་མཐུན་པའི་སྒོ་ནས་ཚན་རིག་ལ་ལྟ་སྟངས་འཛིན་པ་དང་བདེན་དོན་གྱི་སྙིང་སྟོབས་ལ་བརྟེན་ནས་བདེན་དོན་དོན་གཉེར་བྱས་ཏེ་མར་ཁེ་སི་རིང་ལུགས་ལ་དུས་རབས་ཀྱི་ནང་དོན་གསར་པ་རྒྱུན་ཆད་མེད་པར་སྣོན་དགོས།
2.སྙིང་བསྡུས་གསར་པ་བྱེད་པ་དང་། ངོས་འཛིན་གསར་པ་ཡོང་བ། གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱེད་དགོས།
མང་ཚོགས་དུང་ཕྱུར་དུ་མའི་གསར་གཏོད་རང་བཞིན་གྱི་ལག་ལེན་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བྱེད་པོའི་གནས་བབ་དང་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྩི་འཇོག་བྱས་ནས་སྙིང་བསྡུས་གསར་པ་བྱེད་པ་དང་། ངོས་འཛིན་གསར་པ་ཡོང་བ། གྲུབ་འབྲས་གསར་པ་ཐོབ་པ་བཅས་བྱེད་དགོས།
3.གནད་དོན་ཐག་གཅོད་བྱེད་ཆེད་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་མཁོ་འདོན་བྱས་ཡོད།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ལ་འཕྲད་པའི་དངོས་ཡོད་གནད་དོན་འགངས་ཆེན་དང་། སྤྱི་ཡོངས་རང་བཞིན་གྱི་འཐབ་ཇུས་ཀྱི་གནད་དོན། མི་དམངས་མང་ཚོགས་ཀྱིས་སེམས་ཁུར་དང་དོ་ཁུར་བྱེད་པའི་གླེང་མང་བའི་དཀའ་གནད་ཀྱི་གནད་དོན་བཅས་ལ་དམིགས་ཏེ་གནད་དོན་ཐག་གཅོད་བྱེད་པར་འདུ་ཤེས་གསར་པ་དང་། བསམ་ཕྱོགས་གསར་པ། བྱ་ཐབས་གསར་པ་བཅས་མཁོ་འདོན་བྱེད་དགོས།
4.མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།
མིའི་རིགས་ཀྱིས་གསར་གཏོད་བྱས་པའི་ཕུལ་བྱུང་རིག་གནས་ཀྱི་གྲུབ་འབྲས་མཐའ་དག་བསྡུ་ལེན་བྱས་ནས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་ཆོས་ཉིད་བཅས་ལ་ངོས་འཛིན་བྱེད་ཟབ་ཏུ་བཏང་སྟེ་དུས་རབས་21པའི་མར་ཁེ་སི་རིང་ལུགས་དང་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་བཏང་ནས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལེའུ་གསར་པ་མུ་མཐུད་རྩོམ་དགོས།
རིགས་པའི་གཞུང་ལུགས་ཇི་ལྟར་བྱས་ནས་ཚན་རིག་དང་མཐུན་པའི་ཁྱབ་གདལ་གཏོང་དགོས་སམ།
1.གསུང་རབ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱེད་དགོས།
རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་དང་ལྷག་དོན་དུ་མཐོ་རིམ་ལས་བྱེད་པས《གུང་ཁྲན་ཏང་གི་བསྒྲགས་གཏམ》སོགས་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་སློབ་སྦྱོང་དང་བེད་སྤྱོད་ཡག་པོ་བྱས་ནས་སྦྱངས་པ་གོ་ཆོད་དང་། བེད་སྤྱད་དེ་སློབ་སྦྱོང་ལ་སྐུལ་འདེད་གཏོང་བ། ཇི་མ་ཇི་བཞིན་དུ་སྦྱོང་བ། ཁོང་དུ་ཆུད་པ་དང་བསམ་གཞིག་ཞིབ་ཕྲ་བྱེད་པ། ཧུར་ཐག་སྦྱངས་ནས་གོ་བ་ཟབ་མོ་ལོན་པ་བཅས་མཐའ་འཁྱོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་། ལྟ་བ། བྱ་ཐབས་བཅས་ཁོང་དུ་ཧུར་ཐག་ཆུད་པ་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས།
2.གསུང་རབ་རྩོམ་སྒྱུར་བྱེད་ཤུགས་ཆེ་རུ་གཏོང་དགོས།
གསུང་རབ་རྩོམ་སྒྱུར་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲུབ་འབྲས་ཐོན་དགོས་ལ་ཤེས་ལྡན་མི་སྣའང་ཐོན་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་ཀྱི་གསུང་རབ་རྩོམ་སྒྱུར་གྱི་རྐང་འཛིན་དཔུང་ཁག་ཅིག་གསོ་སྐྱོང་བྱེད་དགོས།
3.གསུང་རབ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱེད་དགོས།
གསུང་རབ་ལ་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱས་ནས་གསུང་རབ་དྲིལ་བསྒྲགས་ཁྱབ་གདལ་ལ་སྐུལ་འདེད་བཏང་སྟེ་རིགས་པའི་གཞུང་ལུགས་འདི་ཉིད་མི་དམངས་དུང་ཕྱུར་དུ་མས་རྒྱུས་མངའ་ལོན་པ་དང་དང་ལེན་ཐུབ་པ་བྱས་ནས་ཚང་མའི་སེམས་པ་གཅིག་མཐུན་ཡོང་བ་བྱེད་དགོས།