དབུ་ཤོག>ཆེད་སྒྲིག
  • ལྷག་བསམ་རྣམ་དག་ངང་མང་ཚོགས་ཀྱི་སྙིང་ཉེ་བ་ཞིག་བྱེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-09

    ཁྲེ་ཕེང་ཅེ་ལ་རྒྱུས་མངའ་ཡོད་མཁན་ཚང་མས་ཁོང་ལ་རང་གི་གཅེས་ནོར་ལ་བརྩི་བའི་མང་ཚོགས་ཀྱི་གནད་དོན་དང་ཞུ་གཏུག་སྐོར་གྱི་གནས་ཚུལ་མང་པོ་བྲིས་པའི་ཟིན་བྲིས་དེབ་ཅིག་ཡོད་པ་ཤེས་གི་ཡོད།

    ཟིན་བྲིས་དེབ་ཀྱི་ཤོག་ལྷེ་དང་པོ་ཁ་ཕྱེ་མ་ཐག“མང་ཚོགས་ཀྱི་གནད་དོན་ནི་ངའི་དོན་དག་ཡིན”ཞེས་འཁོད་པའི་ཡིག་ཕྲེང་ཞིག་འདྲེན་བྱེད་ཀྱི་ལམ་དུ་གསལ་ལེར་མངོན། ཤོག་ལྷེ་རང་དགར་ཁ་ཕྱེ་བས“སྐལ་བཟང་ཆོས་སྒྲོན་ལ་གྲིབ་སྐྱོན་ཕོག་ནས་བཙོག་གཅིན་མི་འཚོག་པས་གཅིན་འདྲེན་སྦུ་གུ་སོགས་དང་དེ་བཞིན་འབྲེལ་ཡོད་ཀྱི་སྨན་དགོས་མཁོ་ཧ་ཅང་ཆེ” “པད་མ་རྡོ་རྗེའི་བཟའ་ཟླ་སྨན་ཁང་དུ་བསྡད་རྗེས་ཁྲག་མང་པོ་བླུགས་དགོས་པས། མཉམ་དུ་ལས་ཀ་བྱེད་མྱོང་བའི་མི་དམངས་ཉེན་རྟོག་པར་འབྲེལ་བ་བྱས་ཏེ་ཁྲག་སྦྱིན་འབུལ་བའི་འཆར་གཞི་ཡོད”སོགས་ཀྱི་གནས་ཚུལ་འཁོད་པ་ལ་ལ་བསུབ་ཟིན་པ་ཕུད་དེ་བྱིངས་རྣམས་ཁྲེ་ཕེང་ཅེའི་སེམས་ལ་ཉར་ཡོད་པ་རེད།

    དུས་མཚམས་རེར་ཁྲེ་ཕེང་ཅེས་ཟིན་བྲིས་དེབ་བཏོན་ནས་ད་དུང་གནད་དོན་གང་ཞིག་ཐག་གཅོད་བྱུང་མེད་པ་དང་བྱ་ཐབས་གང་ཞིག་དོན་འཁྱོལ་ཡག་པོ་བྱུང་མེད་པ་སོགས་ལ་ལྟ་གི་ཡོད།

    བོད་དུ་སྐྱེས་པ་དང་བོད་དུ་འཚར་ལོངས་བྱུང་བའི་ཁྲེ་ཕེང་ཅེས་བོད་ལ་དམིགས་བསལ་གྱི་བརྩེ་སེམས་བཅངས་ཤིང་། 2000ལོའི་ཟླ་8པར་སློབ་ཆེན་མཐར་ཕྱིན་རྗེས་གངས་ལྗོངས་ས་མཐོའི་གཞི་རིམ་དུ་ལས་དོན་སྒྲུབ་པར་གཞི་ཚུགས་པ་དང་། 2013ལོའི་ཟླ་12པར་ཁོང་རི་བོ་ཆེ་རྫོང་སྤྱི་བདེ་ཅུས་ནས་ལྕགས་ཟམ་ཁ་ཤང་གི་ཤང་ཀྲང་ལ་བསྐོ་གཞག་བྱས་པ་རེད།

    ཉེ་བའི་ལོ་ཤས་རིང་། ཁོང་གིས་ས་མཚམས་ཀྱི་གྲོང་ཚོར་འཚམས་འདྲི་དང་མཉམ་འགུལ་བྱེད་སྒོ་ཐེངས་50སྤེལ་ནས་དམངས་འཚོའི་གྲོས་འགོ་དང་བསམ་འཆར་40ལྷག་ཙམ་བསྡུ་རུབ་བྱས་ཏེ། གླེང་མང་བ་དང་ཐག་གཅོད་དཀའ་བའི་གནད་དོན་100ལྷག་ཙམ་ཐག་གཅོད་བྱས་པ་རེད།

    ཕྱིས་སུ་ཁྲེ་ཕེང་ཅེ་ཡིས་ལྕགས་ཟམ་ཁ་ཤང་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ། མཚོ་སྔོན་ནང་ཆེན་རྫོང་ལྕི་ཆུ་ཤང་དང་དཔལ་བཀྲ་ཤང་དབར《དུས་བདེའི་ས་མཚམས་ཀྱི་གྲོས་མཐུན་ཡི་གེ》དང《འཕེལ་རྒྱས་མཉམ་གཏོང་དང་མཉམ་སྐྲུན་གྱི་གྲོས་མཐུན་ཡི་གེ》བཞག་ནས“མི་རིགས་ཀྱི་སྲིད་ཇུས་མཉམ་སྦྱོང”དང་། “ཆ་འཕྲིན་མཐུན་སྦྱོར་མཉམ་སྤྱོད” “སློབ་གསོ་ཁྲིད་སྟོན་ལ་མཉམ་དུ་དམ་འཛིན”སོགས་ཁ་གཏད་འབྲེལ་མཐུད་ལམ་སྲོལ་10གཏན་འཁེལ་བྱས་ནས་ཀྲི་པུས་མཉམ་དུ་སྦྱོང་བ་དང་། དཔུང་ཁག་གིས་མཉམ་དུ་དོ་དམ། གཞི་རྩ་མཉམ་དུ་སྐྲུན་པ། ཐོན་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ། ཤང་གི་སྤྱོད་ཚུལ་མཉམ་དུ་བཅོས་སྒྲིག དུས་བདེ་མཉམ་དུ་གཏོད་པ་བཅས་ཀྱི“བྱ་སྤྱོད་ཆེན་པོ་དྲུག”གསར་གཏོད་བྱས་ནས་སྤེལ་ཏེ་ས་མཚམས་ས་ཁུལ་གྱི་འགལ་བ་དང་རྩོད་གཞི་དང་། ཉེས་དོན་གྱོད་གཞི། ནགས་ཚལ་མེ་སྐྱོན་སོགས་ཀྱི་གནད་དོན་མི་ཐོན་པ་བྱས་ཡོད།

    2020ལོའི་ལོ་འགོར། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་པོའི་སྐབས་ཁྲེ་ཕེང་ཅེས་འཕྲལ་དུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གནས་སྐབས་ཏང་ཀྲི་པུའུ་སྒྲིག་འཛུགས་བྱས་ནས་བཙུཌ་ཏེ། ཏང་ཡོན་ལས་བྱེད་པ་སྐུལ་སློང་བྱས་ནས་འབྲེལ་གཏུག་པའི་འགན་འཁུར་དུ་བཅུག་པ་དང་གྲོང་ཚོ་དང་གྲོང་ཚོའི་དབར་གྱི“བྱ་མ་རྟ”བྱེད་དུ་བཅུག་སྟེ་མང་ཚོགས་ལ་ཆ་འཕྲིན་གལ་ཆེན་བརྒྱུད་བསྒྲགས་བྱེད་རོགས་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།