དབུ་ཤོག>ཆེད་སྒྲིག
  • ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཏང་ཀྲི་པུའུ་ཡིས་ཏང་ཡོན་གྱི་གདོང་ལེན་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-09

    “བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་པ་དང“འགན་ལེན་དྲུག”གི་ལས་འགན་དོན་འཁྱོལ་བྱ་ཆེད། ཉེ་ཆར་ཁྲེང་ཀོན་ཆུས་མི་སྤྱི་ཅུས་ཀྱི་ཏང་ཀྲི་པུས་ཏང་ཡོན་གྱི་གདོང་ལེན་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དང་ཟུང་འབྲེལ་བྱས་ཏེ་ཁྲོམ་གཞུང(སྡེ་ཁུལ)གི་གཞི་རིམ་ལས་དོན་མི་སྣ་དང་མཉམ་དུ་དུད་ཚང་དུ་འཚམས་འདྲིར་བསྐྱོད་པའི་ལས་དོན་སྤེལ་ཞིང། ཁྱོན་མི་60ལྷག་ཙམ་སྒྲིག་འཛུགས་བྱས་ཏེ་ཚོགས་ཆུང་6ལ་བགོས་ནས་ལས་དོན་སྤེལ་བ་རེད། བཅར་འདྲི་མཐིལ་རྟོགས་བྱས་པ་བརྒྱུད། མཐོ་སློབ་སློབ་ཐོན་སློབ་མ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱི། ངལ་རྩོལ་ནུས་ཤུགས་ལྷག་མ་བཅས་ཀྱི་ལས་ཞུགས་དགོས་མཁོ་ཤེས་རྟོགས་བྱས་པ་རེད།

    མིག་སྔར་ཁེ་ལས་ཀྱི་མི་སྤྱོད་དགོས་མཁོ་ཆེ་བའི་གནས་ཚུལ་ལ་དམ་འཛིན་བྱས་ཏེ། ཏང་ཡོན་ལས་བྱེད་པ་ཁུལ་ཆུང་དང་ཁྲོམ་གཞུང་དུ་བསྐྱོད་ནས་ཡོང་འབབ་དམའ་བའི་ཚོགས་སྤྱི་དང་ངལ་རྩོལ་ནུས་ཤུགས་ལྷག་མ་ཚོར་ཁེ་ལས་ཀྱི་ལས་མི་བསྡུ་བའི་ཆ་འཕྲིན་དྲིལ་བསྒྲགས་བྱས་པ་དང་། ལས་གནས་མཁོ་སྤྲོད་ཀྱི་སྟེགས་བུ་བསྐྲུན་པ། ས་གནས་ས་ཐོག་ཏུ་ལས་གནས་མཁོ་འདོན་དང་། སྲིད་ཇུས་དྲིལ་བསྒྲགས། གསོ་སྦྱོང་བཅས་བྱས་ཏེ་ཡོང་འབབ་དམའ་བའི་ཚོགས་སྤྱིའི་འབབ་འཕར་ཕྱུག་འགྱུར་ལ་རོགས་རམ་ཏན་ཏིག་བྱས་པ་རེད། ཁྲོམ་གཞུང་ཁག་གི་ལས་ཞུགས་ཞབས་ཞུའི་ལས་སྟེགས་ཀྱི་ནུས་པར་བརྟེན་ནས་གྲོང་མིའི་སྒོ་ར་ཚན་པར་བྱས་ཏེ་ཡོང་འབབ་དམའ་བའི་ཚོགས་སྤྱི་དང་ངལ་རྩོལ་ནུས་ཤུགས་ལྷག་མར“ལས་ཞུགས་ལས་རོགས་ཆུང་ངུ”བཀོད་སྒྲིག་བྱས་པ་དང་། ལས་ཞུགས་དང་གསོ་སྦྱོང་གི་འདོད་བློ་ཤེས་རྟོགས་གང་ལེགས་བྱས་པ། ལས་རིགས་རྩལ་ནུས་གསོ་སྦྱོང་གི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་བཅས་བྱས་ནས་སྲོལ་རྒྱུན་གྱི་ལས་ཞུཌ་འདུ་ཤེས་དོར་ཏེ“གནས་གཏན་འཁེལ་གྱི་མངགས་ཐོ”དང“ལས་ཀས་གསོ་སྦྱོང་གི་ཚབ་བྱེད་པ”སོགས་རིགས་ཁག་གི་རྩལ་ནུས་གསོ་སྦྱོང་ནང་ཞུགས་རྒྱུར་ཁྲིད་སྟོན་བྱས་པ་དང་། ཡོང་འབབ་དམའ་བའི་ཚོགས་སྤྱི་དང་ངལ་ནུས་ལྷག་མས་རྩལ་ནུས་སྣ་གཅིག་ནས་གཉིས་བར་ཤེས་པ་བྱས་ནས་ཁོ་ཚོ་ལས་ཞུགས་བརྟན་པོ་ཐུབ་པ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།