དབུ་ཤོག>ཆེད་སྒྲིག
  • མང་ཚོགས་ཕྱུག་པོ་ཆགས་མིན་གྱི་འགག་རྩ་ནི་ཀྲི་པུའུ་རེད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-09

    2020ལོ་ནས་བཟུང་། སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཏང་ཨུད་ཀྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ཏེ། ལས་ཀའི་བསམ་ཕྱོགས་ཧུར་ཐག་བསྒྱུར་བ་བརྒྱུད་རྩལ་ནུས་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་ནུས་ཕྱིར་གཏོང་གི་སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་བ། ཞིང་འབྲོག་པའི་ལས་ཞུགས་ལས་དོན་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་རབ་དང་རིམ་པ་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ། གྲོང་ཚོའི་ཏང་ཀྲི་པུའུ་སྐུལ་སློང་བྱས་ནས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་དོན་སྒྲིག་འཛུགས་ཧུར་ཐག་བྱེད་པ། ཞིང་འབྲོག་པའི་འབབ་འཕར་ཕྱུར་འགྱུར་ལ་སྣེ་ཁྲིད་བྱེད་པ། ལས་ཞུགས་འབབ་འཕར་གྱི་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བ་བཅས་བྱས་ཤིང་། མིག་སྔའི་བར། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་239ལས་ཞུགས་གཞན་སྒྱུར་ཐུབ་པ་རེད།

    ཉེ་བའི་ལོ་ཤས་རིང་། རྒྱ་མ་གྲོང་ཚོའི་ཏང་ཀྲི་པུས་ཤང་ཏང་ཨུད་ཀྱི་སྣེ་ཁྲིད་འོག ལྕཌ་ལམ་འཛུགས་སྐྲུན་གོ་སྐབས་སུ་བརྩིས་ནས་ལྕཌ་ལམ་འཛུགས་སྐྲུན་གྱི་རྣམ་གྲངས་སྡེ་ཚན་དང་འབྲེལ་གཏུག་མཐུན་སྦྱོར་ཧུར་ཐག་བྱས་པས། གྲོང་ཚོ་ཡོངས་ཀྱི་ངལ་རྩོལ་ནུས་ནུགས་གནད་སྨིན་གཞན་སྒྱུར་ཐུབ་ནས་མང་ཚོགས་ལ་ལས་གནས་དང་ཡོང་འབབ་རག་སྟེ་བྱ་སྤྱོད་ངོ་མའི་ཐོག་ནས་ཡུལ་མིའི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བྱས་པས་གྲོང་ཚོ་ཡོངས་རིམ་བཞིན་མཉམ་དུ་ཕྱུག་པོ་ཆགས་པ་རེད།

    ཡུལ་མི་རྣམས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་གོམ་སྟབས་མགྱོགས་སུ་གཏོང་རོགས་བྱ་ཆེད། ལྕགས་ལམ་འཛུགས་སྐྲུན་བྱེད་འགོ་ཚུགས་པ་ནས་བཟུང་། རྒྱ་མ་གྲོང་ཚོས་རང་དབབ་འཕྲུལ་འཁོར་རུ་ཁག་དང་ལས་གྲྭའི་འཕྲུལ་འཁོར་རུ་ཁག་བཙུགས་པ་དང་། རླངས་འཁོར་རུ་ཁག་གི་ཆེད་མིས་ལྕགས་ལམ་འཛུགས་སྐྲུན་ཚན་པ་དང་འབྲེལ་འདྲིས་མཐུན་སྦྱོར་བྱེད་པའི་འགན་ཁུར་ཏེ། རང་དབབ་འཕྲུལ་འཁོར་ཆེ་ཆུང་ཁྱོན་40ཙམ་ཡོད་པ་དང་། 2020ལོར་རླངས་འཁོར་བོགས་མར་བཏང་བར་སྒོར་ཁྲི་900བྱུང་བའི་ཁྲོད་ཁྲི་400ལྷག་ལག་ཐོག་ཏུ་འབྱོར་ཞིང་། ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཇོ་ནོར་བུས“ད་ཆ་ཉིན་ལྟར་ལྕགས་ལམ་བསྐྲུན་སར་ལས་ཀར་འགྲོ་མཁན་མང་ཤོས་དུས་སུ་མི་40ལྷག་ཟིན་གྱི་ཡོད། གྲོང་ཚོའི་མང་ཚོགས་ལ་འབབ་འཕར་བྱུང་བ་དང་འཚོ་བ་ཉིན་བཞིན་སྐྱིད་དུ་འགྲོ་བ་མཐོང་དུས། གྲོང་ཚོའི་ལས་བྱེད་པའི་ངོས་ནས་སེམས་གཏིང་ནས་དགའ་པོ་འདུག”ཅེས་བཤད།

    རྒྱ་མ་གྲོང་ཚོའི་ཏང་ཀྲི་པུས་ད་དུང་ཡུལ་མིའི་འབྱུང་འགྱུར་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཚོལ་ཞིབ་ཧུར་ཐག་བྱས་ནས་ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་བཙུགས་ནས་ལས་མི་གསོ་སྦྱོང་བྱེད་རྩིས་ཡོད་པ་དང་། རྩལ་ནུས་གསོ་སྦྱོང་བརྒྱུད་ཞིང་འབྲོག་པའི་ལས་ཞུགས་ཐབས་ལམ་རྒྱ་ཆེར་བཏང་ནས་ངལ་ནུས་རྣམས་རྩལ་ནུས་ཁག་ལ་བྱང་ཆུབ་པའི་སྤུས་ཚད་མཐོ་བའི་ལས་མིར་འཕེལ་རྒྱས་གཏོང་རྒྱུ་དང་། སྤྱིར་བཏང་གི་ལུས་པོའི་ངལ་རྩོལ་དེ་རྩལ་ནུས་ངེས་ཅན་ལྡན་པའི་ལས་ཀར་བསྒྱུར་ཏེ་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་དང་འབབ་འཕར་ཕྱུག་འགྱུར་གང་ལེགས་ཡོང་བ་བྱེད་རྒྱུ་ཡིན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།