དབུ་ཤོག>ཆེད་སྒྲིག
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསལ་འགྲེལ་གནང་བའི《གུང་ཁྲན་ཏང་གི་བསྒྲགས་གཏམ》(སྟོད་ཆ)

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-09

    2018ལོའི་ཟླ་4ཚེས་23ཉིན་གྱི་ཕྱི་དྲོ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས《གུང་ཁྲན་ཏང་གི་བསྒྲགས་གཏམ》དང་དེའི་དོན་སྙིང་ལ་དམིགས་ནས་མཉམ་སྡེབ་སློབ་སྦྱོང་བྱས་པ་མཚོན་རྟགས་སུ་བྱས་ཏེ་ཀྲུང་གོས་མར་ཁེ་སི་སྐུ་འཁྲུངས་ནས་ལོ་ངོ་200འཁོར་བར་དྲན་གསོ་ཞུ་བ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་ཡོད། དེར་བརྟེན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསལ་འགྲེལ་ལ་གཙོ་གནད་ཐོག་སློབ་སྦྱོང་བྱེད་དགོས།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་རིན་ཐང་།

    1.རླབས་ཆེན་གཉིས།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》བཏོན་པ་ནི་མིའི་རིགས་ཀྱི་བསམ་བློའི་ལོ་རྒྱུས་ཐོག་གི་རླབས་ཆེན་བྱ་གཞག་ཅིག་ཡིན།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྤྱི་ཚོགས་རིང་ལུགས་ཀྱི་རྩ་བའི་རིགས་པར་ཁྱོན་ཡོངས་ནས་རྒྱས་བཤད་ཐེངས་དང་པོ་བྱས་པའི་རླབས་ཆེའི་གསུང་རྩོམ་ཞིག་ཡིན།

    2.རྒྱས་བཤད་ཁག་དྲུག

    《གུང་ཁྲན་ཏང་གི་བསྒྲགས་གཏམ》

    མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བར་རྒྱས་བཤད་གཏིང་ཟབ་བྱས་པ་དང་།

    མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་སྔོན་ཐོན་གཤིས་རྒྱུད་ལ་རྒྱས་བཤད་གཏིང་ཟབ་བྱས་པ།

    མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་ཆབ་སྲིད་ལངས་ཕྱོགས་ལ་རྒྱས་བཤད་གཏིང་ཟབ་བྱས་པ།

    མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་བླ་ན་མེད་པའི་ཕུགས་བསམ་ལ་རྒྱས་བཤད་གཏིང་ཟབ་བྱས་པ།

    མར་ཁེ་སི་རིང་ལུགས་ཀྱི་གསར་བརྗེའི་རྩ་འཛིན་ལ་རྒྱས་བཤད་གཏིང་ཟབ་བྱས་པ།

    མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གི་རྒྱལ་སྤྱིའི་རིང་ལུགས་ཀྱི་སྙིང་སྟོབས་ལ་རྒྱས་བཤད་གཏིང་ཟབ་བྱས་པ་བཅས་ཡིན།

    3.གསུང་རབ་གསུམ།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》

    ཚན་རིག་དང་མཐུན་པའི་སྒོ་ནས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆོས་ཉིད་གསལ་གཟིགས་བྱས་པའི་གསུང་རབ་ཅིག་དང་།

    འཐབ་རྩོད་ཀྱི་སྙིང་སྟོབས་དང་། སྐྱོན་བརྗོད་ཀྱི་སྙིང་སྟོབས། གསར་བརྗེའི་སྙིང་སྟོབས་བཅས་ལྡན་པའི་གསུང་རབ་ཅིག

    མི་དམངས་ཀྱི་ལངས་ཕྱོགས་རྒྱུན་འཁྱོངས་དང་། མི་དམངས་དང་སྤྱི་དམངས་ལ་ཁེ་ཕན་དོན་གཉེར་བྱེད་པ། མིའི་རིགས་ཡོངས་ཀྱི་བཅིངས་འགྲོལ་དོན་གཉེར་བྱེད་པ་བཅས་ཀྱི་གསུང་རབ་ཅིག་བཅས་ཡིན།

    4.ནོར་མཛོད་གཅིག

    《གུང་ཁྲན་ཏང་གི་བསྒྲགས་གཏམ》

    ནང་དོན་ཕུན་སུམ་ཚོགས་པའི་རིགས་པའི་གཞུང་ལུགས་ཀྱི་ནོར་མཛོད་ཅིག་ཡིན་པས། ང་ཚོས་ཡང་ཡང་སློབ་སྦྱོང་དང་ཞིབ་འཇུག་གཏིང་ཟབ་བྱས་ཏེ་དེའི་ཁྲོད་ནས་བསམ་བློའི་འཚོ་བཅུད་ལེན་རིན་ཡོད་པ་ཞིག་ཡིན།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》སློབ་སྦྱོང་ བྱེད་པའི་དམིགས་ཡུལ།

    ནུས་པ་དྲུག

    ང་ཚོས《གུང་ཁྲན་ཏང་གི་བསྒྲགས་གཏམ》ཡང་བསྐྱར་སློབ་སྦྱོང་བྱེད་པར།

    1.མར་ཁེ་སི་རིང་ལུགས་ཀྱི་བདེན་དོན་སྟོབས་ཤུགས་རྒྱུས་ལོན་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ་དང་།

    2.མར་ཁེ་སི་རིང་ལུགས་ཀྱི་དད་སེམས་བརྟན་དུ་གཏོང་བ།

    3.མར་ཁེ་སི་རིང་ལུགས་སྲིད་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་འབྱུང་རྩ་ཁུངས་འདེད་བྱེད་པ།

    4.ཏང་ཡོངས་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པར་བརྟེན་ནས་དེང་རབས་ཀྲུང་གོའི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་པའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ།

    5.《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་གི་ཚན་རིག་དང་མཐུན་པའི་རྩ་བའི་རིག་པ་དང་ཚན་རིག་དང་མཐུན་པའི་དགོངས་དོན་དེ་རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་འདུ་འགོད། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་གཅིག་འདོམས་བྱེད་པའི་ལག་ལེན་ཁྲོད་བཀོལ་སྤྱོད་བྱེད་པ།

    6.དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ལེའུ་གསར་པ་ཟམ་མི་ཆད་པར་གསར་རྩོམ་བྱེད་པ་བཅས་ཡིན།

    གཙོ་གནད་བརྡར་གཅོད།

    1.ཚན་རིག་རང་བཞིན་དང་གསར་བརྗེའི་རང་བཞིན།

    མར་ཁེ་སི་རིང་ལུགས་ཀྱི་རིག་པའི་གཞུང་ལུགས་ཀྱི་ཚན་རིག་རང་བཞིན་དང་གསར་བརྗེའི་རང་བཞིན་དེ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་དང་ལོ་རྒྱུས་དངོས་གཙོ་རིང་ལུགས་ཀྱི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་འཇིག་རྟེན་ལ་ངོས་འཛིན་དང་འཇིག་རྟེན་ལ་སྒྱུར་བཀོད་བྱེད་པར་བསམ་བློའི་དྲག་ཆས་སྟོབས་ཆེན་མཁོ་འདོན་བྱས་པ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་ཡང་དག་པའི་མདུན་སྐྱོད་ཁ་ཕྱོགས་གསལ་པོ་སྟོན་ཡོད།

    2.འགྱུར་ལྡོག་གི་འཕེལ་རིམ།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》བཏོན་མ་ཐག་ལག་ལེན་ཐད་ནས་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་དང་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་འཕེལ་རིམ་ལ་འགྱུར་ལྡོག་གཏིང་ཟབ་བཏང་ཡོད། རང་རེའི་ཏང་གིས་གསར་འབྱེད་བྱས་པའི་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་འགྲོ་ལམ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེའི་འགྲོ་ལམ། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་འགྲོ་ལམ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ཚང་མ་ནི་མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དང་ཀྲུང་གོའི་དོན་དངོས་དང་ཟུང་འབྲེལ་བྱས་པའི་རླབས་ཆེན་གསར་གཏོད་ཡིན།

    3.བློ་དཀར་སེམས་དཀར་གྱི་རྒྱུན་འཛིན་པ།

    ཀྲུང་གོ་གུང་ཁྲན་ཏང་ནི《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱི་དགོངས་དོན་བློ་དཀར་སེམས་དཀར་ངང་རྒྱུན་འཛིན་བྱེད་མཁན་ཞིག་ཡིན།

    4.ལྡོག་མེད་འཕེལ་ཕྱོགས།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་གསལ་པོ་སྟོན་པའི་མིའི་རིགས་ཀྱི་སྤྱི་ཚོགས་འདི་ཉིད་མཐར་གུང་ཁྲན་རིང་ལུགས་ཀྱི་ཕྱོགས་སུ་སྐྱོད་པའི་ལྡོག་མེད་འཕེལ་ཕྱོགས་ཀྱིས་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་བརྟན་པོ་དང་བསམ་པའི་ཁྱིམ་གཞིས་བརྟན་པོ་སྲུང་བའི་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད།

    5.ཚན་རིག་དང་མཐུན་པའི་མ་འོངས་སྔོན་མཐོང་།

    དེང་སྐབས་འཛམ་གླིང་སྣེ་མང་ཅན་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན། སྤྱི་ཚོགས་ཆ་འཕྲིན་ཅན། རིག་གནས་སྣ་མང་ཅན་བཅས་འཕེལ་རྒྱས་གཏིང་ཟབ་འགྲོ་བ་དང་། རྒྱལ་ཁབ་ཁག་ཕན་ཚུན་སྦྲེལ་མཐུད་དང་ཕན་ཚུན་གཅིག་ལ་གཅིག་རྟེན་བྱེད་ཚད་སྔར་ན་མེད་པའི་གཏིང་ཟབ་པོ་བྱུང་ཡོད་པ་དེ་ཐོག་ནས་མར་ཁེ་སི་དང་ཨེན་ཀེ་སིས《གུང་ཁྲན་ཏང་གི་བསྒྲགས་གཏམ》ནང་བཀོད་པའི་ཚན་རིག་དང་མཐུན་པའི་མ་འོངས་སྔོན་མཐོང་ར་སྤྲོད་གང་ལེགས་ཐུབ་ཡོད།

    6.ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་སེམས་ནང་གི་གནས་བབ་མཐོ་ཤོས་སུ་འཇོག་དགོས་པ་དང་། དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་བདེ་རྩ་ཆེ་རུ་བཏང་སྟེ་མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་སྤྱི་ཚོགས་ཕྱོགས་ཡོངས་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

    7.གཟི་བརྗིད་མཚན་སྙན།

    ང་ཚོས་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་དང་གཅིག་གྱུར་བྱེད་པ་དང་ང་ཚོས་སྒྲུབ་བཞིན་པའི་ལས་དོན་དང་གཅིག་གྱུར་བྱས་ཏེ་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་བཏང་ནས་ཉེན་ཁ་ཅི་འདྲ་ཞིག་ལའང་མི་སྐྲག་པ་དང་འགལ་རྐྱེན་གང་འདྲ་ཞིག་ལའང་མི་འཛེམས་པར་ཐོག་མཐའ་བར་གསུམ་དུ་གུང་ཁྲན་ཏང་མིའི་ཕུགས་བསམ་དད་སེམས་བརྟན་སྲུང་བྱེད་པ་དང་གུང་ཁྲན་ཏང་མིའི་གཟི་བརྗིད་མཚན་སྙན་ལ་ངོ་གནོང་མི་དགོས་པ་ཞིག་བྱེད་དགོས།

    8.དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལས་བྱུང་བའི་གོ་སྐབས་མཉམ་དུ་སྤྱོད་པ།

    ང་ཚོས་རང་རྒྱལ་འཕེལ་རྒྱས་ཀྱི་ཁེ་ཕན་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་བློ་བརྟན་འགྱུར་མེད་ངང་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དུས་རབས་ཀྱི་འགན་འཁྲི་མཉམ་དུ་འཁུར་རྒྱུར་སྐུལ་འདེད་གཏོང་བ་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་འཕྲད་པའི་འགྲན་སློང་ལ་མཉམ་དུ་ཁ་གཏད་གཅོག་པ་དང་། དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བར་དེ་བས་སྒོ་དབྱེ་དང་། བསྟུན་མཁས། ཀུན་ཕན། དོ་སྙོམས། གཉིས་ཁེ་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་མི་འདྲ་བ་དང་། རིམ་པ་མི་འདྲ་བ། མི་ཚོགས་མི་འདྲ་བ་བཅས་ལ་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་ལས་བྱུང་བའི་གོ་སྐབས་མཉམ་དུ་སྤྱོད་ཐུབ་པ་བྱེད་དགོས།

    9.རིགས་པའི་གཞུང་ལུགས་ཀྱི་རྨང་གཞི།

    《གུང་ཁྲན་ཏང་གི་བསྒྲགས་གཏམ》གྱིས་མར་ཁེ་སི་རིང་ལུགས་ཀྱི་ཏང་འཛུགས་སྐྱོང་གི་གཞུང་ལུགས་ལ་རིགས་པའི་གཞུང་ལུགས་ཀྱི་རྨང་གཞི་བཏིང་ཡོད།

    10.“མི་གཏོང་བ”གསུམ།

    ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་དང་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས་པར་ངེས་པར་དུ་རང་ངོས་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཆོད་སེམས་ལ་གཡོ་འགུལ་མི་གཏོང་བ། བླང་བྱ་དམའ་རུ་མི་གཏོང་བ། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་བྱེད་དགོས།

    11.ཏང་ནང་ཁུལ་དུ་ཐོན་པའི་གནད་དོན་གསར་པ་གཙོ་གནད་ཐོག་ཐག་གཅོད་བྱས་པ།

    ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་བཏོན་པའི་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་འཛུགས་སྐྱོང་ཁག་ལ་སྤྱི་ཡོངས་ནས་སྐུལ་འདེད་གཏོང་བ་དང་དུས་མཚུངས་ཏང་ནང་ཁུལ་དུ་ཐོན་པའི་གནད་དོན་གསར་པ་གཙོ་གནད་ཐོག་ཐག་གཅོད་བྱས་ཏེ་རང་རེའི་ཏང་གི་མར་ཁེ་སི་རིང་ལུགས་སྲིད་ཏང་གི་རང་གཤིས་ནམ་ཡང་རྒྱུན་འཁྱོངས་ཐུབ་པ་དང་། ནམ་ཡང་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ། ནམ་ཡང་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གཏད་བཅོལ་ས་གཙོ་བོ་བྱེད་པ་བཅས་འགན་ལེན་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།