དབུ་ཤོག>ཆེད་སྒྲིག
  • རང་ལྗོངས་ཀྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-08

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བར། རྒྱལ་ཡོངས་ཀྱི་འདམ་རའི་ཐོན་ཁུངས་ལ་བརྟག་དཔྱད་ཐེངས་གཉིས་པ་བྱས་པའི་འབྲས་བུ་ལྟར་ན། རང་ལྗོངས་ཀྱི་འདམ་རའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཤིང་། རང་བྱུང་སྲུང་སྐྱོང་ཁུལ་གྱིས་གཙོ་བོར་བྱས་པ་དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དང་། རྒྱལ་སྤྱིའི་འདམ་ར་གལ་ཆེན། རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་སོགས་འདམ་ར་སྲུང་སྐྱོང་གི་བྱ་ཐབས་སྣ་ཚོགས་རིམ་བཞིན་གྲུབ་སྟེ། ལྗོངས་ཡོངས་སུ་སྲུང་སྐྱོང་ཐོབ་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་449ཟིན་ནས་ལྗོངས་ཡོངས་ཀྱི་འདམ་རའི་རྒྱ་ཁྱོན་གྱི་68.75%བཟུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཚོ་གཅིག་ཅན་གྱི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་8ཡན་ཟིན་པའི་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་ཏེ། ལྗོངས་ཡོངས་སུ་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་5.3%བཟུང་ཡོད། དེའི་ཁྲོད་རང་བྱུང་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.40ཡོད་པ་དང་མིས་བཟོས་འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་0.50ཟིན་ཡོད། ད་བར་ལྗོངས་ཡོངས་སུ་འདམ་རའི་རིགས་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་15དང་རྒྱལ་ཁབ་འདམ་རའི་སྤྱི་གླིང་22(ཚོད་ལྟའི་ཁུལ་ཚུད་པ)བསྐྲུན་ཡོད་པ་དང་། འདམ་ར་12རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད་པ་དང་། བཀྲ་རི་གནམ་མཚོ་འདམ་ར་དང་། སེར་གླིང་མཚོ་འདམ་ར། སྨྲི་ཏི་ཁ་འདམ་ར། མ་ཕམ་གཡུ་མཚོ་འདམ་ར་བཅས་བཞི་པོ་རྒྱལ་སྤྱིའི་འདམ་ར་གལ་ཆེན་གྱི་མིང་གཞུང་ནང་བཅུག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།