དབུ་ཤོག>ཆེད་སྒྲིག
  • ​བོད་གསར་པའི་ལོ་ངོ་70ཡི་རིང་གི་རིམ་སྤེལ་དཔྱད་གླེང་ལས་རིག་གནས་འཛུགས་སྐྱོང་གི་ལེའུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-08

    620114_yis_1623081600000_s.jpg

    འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》འཁྲབ་ཡུལ་ཡིན་པ། (དཔྱད་གཞིའི་པར་རིས)

    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང་རིག་གནས་འཛུགས་སྐྱོང་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་ལས་དོན་ལ་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་ཟམ་མི་ཆད་པར་རྒྱས་ནས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་འཕེལ་རྒྱས་འགྲོ་ཚུལ་བཟང་བ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཆགས་ཏེ་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་ཞིག་ཏུ་རིམ་བཞིན་གྱུར་པ་དང་། རིག་གནས་དམངས་ཕན་ལས་དོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་ཐད་སྔར་བྱུང་མྱོང་མེད་པའི་ནུས་པ་ཐོན་ཡོད།

    མངོན་མིན་རིག་གནས་ཤུལ་བཞག་ལ་སྲུང་སྐྱོང་བྱས་ནས་སྲོལ་རྒྱུན་རིག་གནས་ལ་གསོན་ཤུགས་གསར་པ་རྒྱས་པར་བྱས་པ།

    བོད་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་རེད། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་འདི་གར་འཚོ་སྡོད་བྱེད་པའི་མི་རིགས་ཁག་གི་མི་དམངས་ཀྱིས་ངལ་རྩོལ་དང་། འཚོ་བ། འགྲོ་འོང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་ཁྲོད་དུ་མཚར་སྡུག་བཀྲ་བའི་རིག་གནས་ཀྱི་འབྲས་བུ་བཏོད་དེ་ཀྲུང་ཧྭ་རིག་གནས་ནོར་མཛོད་ཕུན་སུམ་ཚོགས་སུ་བཏང་ཡོད།

    ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་འཇུ་གྲོང་ཚོར་རྒད་པོ་ཞིག་གིས་སྔར་བཞིན་ལྕང་ལོ་རིང་པོ་དེ་དབྱུགས་བཞིན་དུ་སྙིང་སྟོབས་ཆེར་སྐྱེད་ཀྱིས་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་འཇུ་བྲོ་འཁྲབ་བཞིན་འདུག

    རྒད་པོ་ཁོང་གི་མཚན་ལ་ཉི་མ་ཟེར་བ་དང་ལོ་9ནས་འཇུ་བྲོ་སྦྱངས་འགོ་ཚུགས་ཤིང་། ད་བར་ལོ་ངོ་70ལྷག་ཙམ་སོང་ཡོད། བོད་གསར་པར་འཇུ་གྲོང་ཚོའི་རྒད་པོ་ཁོང་གིས་ལོ་ངོ་1300ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ཀྱི་འཇུ་བྲོར་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་བྱ་དགའ་མཐོ་ཤོས་ཡིན་པའི་རི་སྐྱེས་མེ་ཏོག་གི་བྱ་དགའ་རག་རྒྱུར་ཁྲིད་སྟོན་བྱས་ཡོད།

    2018ལོའི་ཟླ་5པར་ཉི་མ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཚབ་བྱེད་རང་བཞིན་གྱི་རྣམ་གྲངས་ཀྱི་རྒྱུན་འཛིན་པ་ཁག་ལྔ་པའི་གྲས་སུ་བདམས་ཡོད།

    བོད་ཀྱིས་རིམ་བཞིའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པའི་མིང་གཞུང་མ་ལག་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་ཡོད། མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་གཞག་གི་ཚབ་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་96ཡོད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་གཞག་གི་ཚབ་བྱེད་བརྩམས་ཆོས་ཀྱི་མི་གཞུང་ནང་3ཚུད་པ་དང་།  རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་89ཡོད་པ། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་460ཡོད་པ། རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་522ཡོད་པ། རྣམ་གྲངས་2034དང་མི་1050གྲོང་ཁྱེར་དང་རྫོང་རིམ་པའི་མིང་གཞུང་ནང་ཚུད་ཡོད་པ་རེད།

    རང་སྐྱོང་ལྗོངས་ཀྱིས་མི་རིགས་རིག་གནས་ཤུལ་བཞག་མྱུར་སྐྱོབ་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་སྔ་རྗེས་སུ་གྲོང་ཁྱེར་དང་ས་ཁུལ་ཁག་ཏུ་མྱུར་སྐྱོབ་གཞུང་ལས་ཁང་བཙུགས་པ་དང་། མངོན་མིན་རིག་གནས་ཤུལ་བཞག་ཡོངས་བཤེར་ལས་དོན་ཕྱོགས་ཡོངས་ནས་སྤེལ་འགོ་བཙུགས་པ་དང་འབྲེལ《བོད་རང་སྐྱོང་ལྗོངས་ཀྱིས〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ལག་བསྟར་བྱེད་པའི་བྱ་ཐབས》སོགས་སྒྲིག་སྲོལ་དང་ལམ་ལུགས་བཏོན་ནས་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་གྱི་རྣམ་པ་གསར་པ་ཞིག་བཏོད་ཡོད།

    2020ལོའི་ལོ་མཇུག་བར། རིམ་རྩིས་བྱས་ན་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ཐད་མ་དངུལ་སྒོར་དུང་ཕྱུར་2.23དང་སྒོར་ཁྲི་9592བཏང་ཡོད། ལྗོངས་ཡོངས་ཀྱི་གནའ་གཞུང་ཡོངས་བཤེར་གྱི་ལས་དོན་གཞི་རྩའི་ཆ་ནས་ལེགས་གྲུབ་བྱུང་བ་དང་། གྲངས་འཛིན་ཅན་གྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ། གནའ་གཞུང་231(པོད་305)རྒྱལ་ཁབ་ཀྱི་རྩ་ཆེའི་གནའ་གཞུང་གི་མིང་གཞུང་ནང་ཚུད་པ། ས་གནས་ཀྱི་ཁྱད་ཆོས་དང་གསར་བརྗེའི་རིག་གནས་གྲངས་འཛིན་གྱི་ཐོན་ཁུངས་50ལྷག་ཙམ་དང་9.33TBཙམ་ཟིན་ཡོད།

    རིག་གནས་དང་ཡུལ་སྐོར་མཉམ་འདྲེས་བྱས་ནས་རིག་གནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

    ཟླ་4ཚེས་10ཉིན་གྱི་དགོང་མོ་དངོས་ལྗོངས་ཟློས་གར་ཆེ་གྲས《འུན་ཤིང་ཀོང་ཇོ》ལྷ་ས་སྐྱིད་ཆུའི་ངོགས་ཀྱི་བུམ་པ་རིའི་འདབས་སུ་2021ལོའི་འཁྲབ་སྟོན་ཐོག་མ་དེ་བྱས་ཡོད། ཉེ་བའི་ལོ་བཅུ་ལྷག་ཙམ་རིང་བོད་ཀྱི་རིག་གནས་ཁྲོམ་རར་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཉིས་ཀ་བྱུང་བའི་དངོས་ལྗོངས་ཟློས་གར་དེས་ས་གནས་དེ་གའི་ཞིང་འབྲོག་པ་མི་ཐེངས་7000ལྷག་ཙམ་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། རིམ་རྩིས་བྱས་ན་འཁྲབ་སྟོན་ཐེངས་1300བྱས་ནས་ཡུལ་སྐོར་བ་མི་ཐེངས་ཁྲི་300ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད།

    2019ལོའི་ཟླ་8པར《གྱིམ་ཤིང་ཀོང་ཇོ》ཞེས་པ་དེ《འུན་ཤིང་ཀོང་ཇོའི》རྗེས་ཀྱི་མི་རིགས་ཁག་གི་རིག་གནས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་བོད་ཀྱི་རིག་གནས་ཡུལ་སྐོར་གྱི་མིང་བྱང་གཞན་ཞིག་ཏུ་གྱུར་ཡོད། མིག་སྔའི་བར་བོད་དུ་རྒྱལ་ཁབ་རིམ་པ་དང་། རང་སྐྱོང་ལྗོངས་རིམ་པ། རྫོང་དང་གྲོང་ཁྱེར་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ཚན་པ་70དང་། ཚན་པ་603 ཚན་པ་1314བཅས་ཡོད། “ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཉམས་ལེན་ཁང”དང“ཕོ་བྲང་པོ་ཏ་ལའི་རིག་གནས་བསམ་བཀོད་ཐོན་རྫས་ཕྱིར་ཚོང་ཁང”“བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་རིག་གནས་བསམ་བཀོད་ཉམས་ལེན་ཁང”བཅས་བཙུགས་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རིམ་གྱིས་འཕེལ་རྒྱས་ཕྱིན་པ་དང་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ཡོད།

    “བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་ཀྱི་སྐར་ཁུང”ཧྲང་ཧའེ་དང་། ཧྲེན་ཀྲེན། ནན་ཅིང་། ཁྲང་ཧྲ། ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ། ཐ་ཇིག་སི་ཐན་གྱི་རྒྱལ་ས་དུ་ཤང་པེ་སོགས་རྒྱལ་ཁབ་ཕྱི་ནང་གི་གཙོ་གནད་གྲོང་ཁྱེར་དུ་བཙུགས་ཡོད། ད་དུང་རོལ་དབྱངས་ཐོན་ལས་ཀྱི་རྟེན་གཞི་དང་པོ་བཙུགས་པ་དང་ཀོ་ཕིག་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཡོད།

    བོད་ཀྱི་རིག་གནས་ཐོན་ལས་ནི་སྲིད་གཞུང་གི་དར་སྤེལ་དང་། རོགས་སྐྱོར། སྐྱེད་སྲིང་བཅས་ཤུགས་ཆེན་འོག་ལས་རིགས་ཀྱིས་འཚོལ་ཞིབ་དང་། འབད་འཐབ། འཛུགས་སྐྲུན་བཅས་བྱས་པ་བརྒྱུད། ལྗོངས་ཡོངས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་རིག་གནས་ཐོན་ཁུངས་གང་ལེགས་སྤྱད་དེ་རིག་གནས་བསམ་བཀོད་དང་། རིག་གནས་ཡུལ་སྐོར། གློག་བརྙན་སྒྲིག་བཟོ། འཁྲབ་སྟོན་རོལ་རྩེད། དཔེ་སྐྲུན་འགྲེམས་སྤེལ། མི་རིགས་ལག་ཤེས་བཟོ་ལས། ས་མཐོའི་མཐར་ཟད་ལུས་རྩལ་སོགས་བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་ལས་གཙོ་གནད་ཐོག་འཕེལ་རྒྱས་བཏང་ཡོད། 2020ལོའི་ལོ་མཇུག་བར། ལྗོངས་ཡོངས་སུ་རིམ་ཁག་རིག་གནས་ཐོན་ལས་དཔེ་སྟོན་ཁུལ(རྟེན་གཞི)234ཡོད་པ་དང་། རིགས་ཁག་གི་རིག་གནས་ཁྲོམ་རའི་བྱེད་པོ་5500ལྷག་ཙམ་ཡོད་པ། ལས་ཀ་དེ་དག་བྱེད་མཁན་མི་ཁྲི་7ཙམ་ཟིན་པ། ལས་རིགས་ཀྱི་ལོའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60.95ཟིན་ནས་ལོ་རེར་ཆ་སྙོམས་འཕར་ཚད་15%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    རིག་གནས་ཀྱིས་དམངས་ལ་ཕན་པ་བསྐྲུན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ།

    ཉིང་ཁྲི་དང་། ལྷོ་ཁ། ལྷ་ས་བཅས་སུ་རྒྱལ་ཁབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་གི་དཔེ་སྟོན་ཁུལ་གྲུབ་འབྲས་ཐོབ་པའི་ངང་བཙུགས་ཤིང་། ལྷ་སའི་ཞོ་སྟོན་སོགས་མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་90ལྷག་ཙམ་ས་གནས་ཁག་གི་གཟུགས་བརྙན་དྲིལ་བསྒྲགས་དང་འགྲེམས་སྟོན་བྱེད་པའི་རིག་གནས་ཀྱི་མིང་བྱང་ལྟ་བུར་གྱུར་ཡོད།

    རང་ལྗོངས་ཀྱིས“དུས་རབས་གསར་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ”གྱི་འདུ་འགོད་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ལྗོངས་ཡོངས་ཀྱི་གསར་རྩོམ་མི་སྣ་མི་ཐེངས་ཆིག་སྟོང་ཙམ་སྒྲིག་འཛུགས་བྱས་ནས“འཚོ་བར་ཟབ་འཇུག་དང་མི་དམངས་ཁྲོད་གཞི་ཚུགས”ཞེས་པའི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་སྤེལ་ཏེ་རིག་རྩལ་བརྩམས་ཆོས་སྣ་ཚོགས་ཆིག་སྟོང་ཙམ་གསར་རྩོམ་བྱས་ནས་བཏོན་ཡོད།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གིས་བོད་དུ་སྲིད་འཛིན་པའི་རྨང་གཞི་སྔར་བས་བརྟན་དུ་གཏོང་ཆེད་རང་སྐྱོང་ལྗོངས་ཀྱིས་མ་དངུལ་སྒོར་དུང་ཕྱུར་2.74བཏང་སྟེ་གྲོང་ཚོ་རེར་ཁ་གསབ་གྲོན་དངུལ་སྒོར་ཁྲི་5བཀོད་སྒྲིག་བྱས་པ་དང་2020ལོའི་ཟླ་6པ་བར་སྲིད་འཛིན་གྲོང་ཚོ་5492ཀྱི་རིག་རྩལ་འཁྲབ་སྟོན་རུ་ཁག་འཛུགས་རྒྱུའི་ལས་དོན་ལེགས་གྲུབ་བྱས་ཡོད། དམངས་ཁྲོད་ལྷ་མོ་རུ་ཁག་153གྱིས་ལྷ་མོའི་གཞུང་ལ་གཞི་ཚུགས་ནས་ངོ་མཚར་ཆེ་བའི་ལྷ་མོ་འཁྲབ་སྟོན་བྱས་ཡོད། ལྗོངས་ཡོངས་སུ་རིག་རྩལ་དཔུང་ཁག་གི་ལས་འགན་གཅིག་ལྕོགས་དང་ཞོར་དུ་འཁུར་མཁན་མི་གྲངས་ཁྲི་10ལྷག་ཟིན་ཡོད།

    གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཁོ་ནར་ཀྲུང་དབྱང་གི་རྒྱབ་སྐྱོར་སྲིད་ཇུས་དང་གཙོ་གནད་རྣམ་གྲངས་་ཚང་མ་དོན་འཁྱོལ་བྱུང་ཡོད། ད་ཆ་ལྗོངས་ཡོངས་སུ་མང་ཚོགས་སྒྱུ་རྩལ་ཁང་7དང་། དཔེ་མཛོད་ཁང་81 རྫོང་ཕྱོགས་བསྡུས་རིག་གནས་ལྟེ་གནས་74 རྫོང་དང་ཆུས་ཀྱི་སྒྱུ་རྩལ་ཚོགས་པའི་ནང་སྦྱོང་ཁང་39 ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་རིག་གནས་ས་ཚིགས་697བཅས་ཡོད་པ་དང་། རིག་གནས་ཐང་ཆེན་1600ལྷག་ཙམ་བསྐྲུན་པ། རིམ་བཞིའི་སྤྱི་པའི་རིག་གནས་སྒྲིག་བཀོད་ཀྱི་དྲ་བ་གཞི་རྩའི་ཆ་ནས་བཙུགས་ཟིན་ཡོད། རྫོང(ཆུས)74ཡི་ཕྱོགས་བསྡུས་རིག་གནས་བྱེད་སྒོའི་ལྟེ་གནས་ལ་སྐོར་སྐྱོད་དཔེ་མཛོད་རླངས་འཁོར་དང་སྐོར་སྐྱོད་རིག་གནས་རླངས་འཁོར་བཀོད་སྒྲིག་བྱས་ཟིན་པ་དང་། རིག་གནས་ཆ་འཕྲིན་ཐོན་ཁུངས་མཉམ་སྤྱོད་འདུ་འགོད་ཀྱི་རང་སྐྱོང་ལྗོངས་ཀྱི་ཡན་ལག་ལྟེ་གནས་བཙུགས་ཟིན་པ། གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)གི་ཉིང་ལག་ལྟེ་གནས་དང་། ཤང་དང་གྲོང་རྡལ་གྱི་གཞི་རིམ་ས་ཚིགས། གྲོང་གསེབ་ཀྱི་གྲངས་འཛིན་རིག་གནས་ས་ཚིགས་བཅས་འཛུགས་སྐྲུན་རྣམ་གྲངས་བསྐྲུན་ཡོད། ལྗོངས་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་1214ཡི་སྤྱི་པའི་རིག་གནས་སྒྲིག་བཀོད་རིམ་སྤོར་བྱས་ཡོད།

    2021ལོའི་ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་ཁྱོན་བཟོ་ཁང་120བཙུགས་ནས་ཐང་ག་བཞེངས་མཁན་དང་། སྤོས་བཟོ་མཁན། ཤིང་བརྐོས་རྒྱག་མཁན། འཐག་ལས་བྱེད་མཁན་སོགས་མི་3053ཐད་ཀར་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།