དབུ་ཤོག>ཆེད་སྒྲིག
  • རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གྱིས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་འཕོ་འགྱུར་ཉམས་ལེན་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2021-06-08

    ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་5ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྒྲིག་འཛུགས་བྱས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་བཅར་འདྲི་ཚོགས་ཆུང་གིས་བོད་དུ་བཅར་འདྲི་བྱེད་པའི་བྱེད་སྒོ་ཚེས་5ཉིན་ཕུན་སུམ་ཚོགས་པོའི་ངང་མཇུག་འགྲིལ་བ་རེད། དུས་ཡུན་ཉིན་6གི་བཅར་འདྲིའི་རིང་རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་21གི་གསར་འགོད་པ་35ཡིས་ལྷ་ས་དང་ཉིང་ཁྲིར་བསྐྱོད་ནས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70སོང་རིང་གི་ས་གནས་དེ་གའི་ཉིན་རེ་བཞིན་འགྱུར་ལྡོག་འགྲོ་བའི་འཕེལ་རྒྱས་ཀྱི་སྐོར་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།

    ལྷ་སར། སྨྱན་སྦྱོར་གྱི་གསར་འགོད་པས་བོད་ལྗོངས་བདུད་རྩི་རྟགས་ཅན་བོད་སྨན་མ་རྐང་ཚད་ཡོད་ཀུང་སིར་ལྟ་སྐོར་བྱས་ཏེ་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་དང་། བོད་ལྗོངས་ནང་བསྟན་སློབ་གླིང་དུ་དགེ་རྒན་དང་སློབ་མར་བཅར་འདྲི་དང་སློབ་ཁང་དང་ཉལ་ཁང་སོགས་ལ་ལྟ་སྐོར་བྱས་པ་མ་ཟད། ས་གནས་དེ་གའི་མང་ཚོགས་ཀྱི་ཆོས་དད་རང་མོས་ཀྱི་སྐོར་ཤེས་རྟོགས། འཛམ་གླིང་རིག་གནས་ཤུལ་བཞག་ཕོ་བྲང་པོ་ཏ་ལ་སོགས་རིག་དངོས་ཀྱི་གནའ་ཤུལ་ལ་ལྟ་སྐོར་དང་བཅར་འདྲི་བྱས་ཏེ་བོད་ཀྱི་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་སོགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་ཤེས་རྟོགས། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དུ་བསྐྱོད་ནས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ། ས་བབ་མཐོ་ཚད་སྨི་4000ཡོད་པའི་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གི་ས་མཐོའི་འབྲོག་རར་ས་གནས་དེ་གའི་ཁྱད་ལྡན་འབྲོག་ལས་ཀྱི་འཕེལ་རྒྱས་སོགས་ས་གནས་ས་ཐོག་ཏུ་ཉམས་ལེན་བཅས་བྱས་པ་རེད།

    རྒྱལ་ཁབ་ཕྱི་ནང་གི་སྨྱན་སྦྱོར་གྱིས་ད་དུང་ཉིང་ཁྲི་གྲོང་ཁྱེར་གྱི་བྲག་ཕྱི་གྲོང་ཚོ་དང་། བཀྲ་ཤིས་སྒང་གྲོང་ཚོ། ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་སོགས་སུ་བསྐྱོད་ནས་ས་གནས་དེ་གའི་གྲོང་གསེབ་དར་རྒྱས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྐོར་ཤེས་རྟོགས་བྱས་པ་རེད།

    ད་ཐེངས་ཀྱི་བཅར་འདྲིའི་བྱེད་སྒོ་དེ་ཟླ་5ཚེས་31སྤེལ་འགོ་ཚུགས་ཤིང་། ཤིན་ཧྭ་གསར་འགྱུར་ཁང་དང་། ཨ་རིའི་ཕྱོགས་བསྡུས་འཕྲིན་གཏོང་ཁང་། ལུའུ་ཐོའུ་གསར་འགྱུར་ཁང་། ཧྥ་རན་སེའི་གསར་འགྱུར་ཁང་། ཐོ་ཁེའོ་རྒྱང་བསྒྲགས་ཀུང་སི། དེང་གི་ཨུ་རུ་སུ་རྒྱལ་སྤྱིའི་འཕྲིན་གཏོང་ཁང་སོགས་རྒྱལ་ཁབ་ཕྱི་ནང་གི་གཙོ་རྒྱུན་སྨྱན་སྦྱོར་མང་པོ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།