དབུ་ཤོག>ཆེད་སྒྲིག
  • སྐར་ལྔའི་དར་དམར་འཛམ་གླིང་ཡང་རྩེར་བཙུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2021-06-07

    616008_yis_1622995200000_s.jpg

    གཡོན་གྱི་པར་གོང་མ་ནི་1960ལོའི་ཟླ་5པར་ཇོ་མོ་གླང་མའི་རྩེ་མོར་འཛེགས་མཁན་ཀྲུང་གོ་རི་འཛེག་རུ་ཁག་གི་རུ་མི་ཝང་ཧྥུའུ་ཀྲོའུ(གཡས)དང་། མགོན་པོ(དཀྱིལ) ཆུས་དབྱིན་ཧྭ་བཅས་ཡིན་པ།

    གཡོན་གྱི་པར་འོག་མ་ནི་2008ལོའི་ཟླ་5ཚེས་8ཉིན་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་རི་འཛེག་རུ་ཁག་གི་རུ་མི་ནོར་བུ་དགྲ་འདུལ(གཡས)གྱིས་དཔལ་འབར་བརྒྱུད་སྤྲོད་བྱེད་མཁན་དང་པོ་སྐྱིད་སྐྱིད་ལག་ནང་གི“བཀྲ་ཤིས་འཇའ་ཚོན”དཔལ་འབར་ལ་མེ་སྤོར་བཞིན་པ།

    གཡས་ཀྱི་པར་ནི་2020ལོར་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གི་རུ་མིས་ཇོ་མོ་གླང་མའི་རྩེ་མོར་ཚད་འཇལ་ལས་དོན་སྒྲུབ་བཞིན་པ། 

    1960ལོའི་ཟླ་5ཚེས་25ཉིན། ཀྲུང་གོ་རེ་འཛེག་རུ་ཁག་གི་ཝང་ཧྥུའུ་ཀྲོའུ་དང་། མགོན་པོ། ཆུས་དབྱིན་ཧྭ་བཅས་མི་གསུམ་གྱིས་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་འཛེགས། ཀྲུང་གོ་བས་རྒྱལ་གཅེས་ཀྱི་བརྩེ་བ་ཟབ་མོར་བརྟེན་ནས་ཆ་རྐྱེན་ཤིན་ཏུ་ཞན་པའི་འོག་མིའི་རིགས་ཀྱིས་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་ཐེངས་དང་པོར་བདེ་བླག་ངང་སླེབས་པའི་རླབས་ཆེའི་བྱ་སྤྱོད་མངོན་འགྱུར་ཐུབ་ཡོད། 1975ལོར་ཀྲུང་གོ་རི་འཛེག་རུ་ཁག་གིས་སླར་ཡང་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་འཛེགས་ཏེ་ཇོ་མོ་གླང་མའི་མཐོ་ཚད་བདེ་བླག་ངང་འཇལ་བ་དང་། ཕན་ཐོགས་ཀྱང་འཛམ་གླིང་ཐོག་ཇོ་མོ་གླང་མའི་བྱང་ངོས་ནས་རྩེ་མོར་འཛེགས་མཁན་བུད་མེད་དང་པོ་དེར་གྱུར་བ་དང་། 2003ལོར་ཀྲུང་གོའི་ལས་ཞོར་རི་འཛེག་རུ་ཁག་གིས་ཇོ་མོ་གླང་མར་ཐེངས་དང་པོར་འཛེགས་པ། 2008ལོར་ཀྲུང་གོ་རི་འཛེག་རུ་ཁག་གིས་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་འཛམ་གླིང་ཡང་རྩེར་སྤར་བས་ཀྲུང་གོ་བས་ཨོ་རྩལ་འགྲན་ཚོགས་གཉེར་རྒྱུའི་འདུན་ཞུ་བྱེད་སྐབས་བཞག་པའི་དམ་བཅའ་གྲུབ་པ། 2020ལོའི་ཟླ་5ཚེས་27ཉིན་2020ལོའི་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གིས་འཛམ་གླིང་གི་རི་བོ་མཐོ་ཤོས་ཡིན་པའི་ཇོ་མོ་གླང་མར་བདེ་བླག་ངང་འཛེགས་ཏེ། ཁོང་ཚོས་ཇོ་མོ་གླང་མའི་རྩེ་མོར་ལྟ་འཇལ་མཚོན་རྟགས་བཙུགས་པ་དང་GNSSསྒྲིག་སྦྱོར་བྱས་ནས་ཚད་འཇལ་ལས་དོན་སྤེལ་བ་བཅས་རེད། 2020ལོར་ཀྲུང་གོ་བས་ཇོ་མོ་གླང་མར་ཐེངས་དང་པོ་འཛེགས་ནས་ལོ་ངོ་60འཁོར་བ་དང་སྐབས་འཁེལ་བ་དང་ཇོ་མོ་གླང་མའི་མཐོ་ཚད་ཚད་འཇལ་རི་འཛེག་རུ་ཁག་གིས་ཇོ་མོ་གླང་མའི་རྩེ་མོར་བདེ་བླག་ངང་འཛེགས་པ་མ་ཟད། ཀྲུང་གོ་བས་ཇོ་མོ་གླང་མའི་རྩེ་མོར་དུས་ཡུན་རིང་ཤོས་བསྡད་པ་སྟེ་སྐར་མ་150བསྡད་པའི་ཟིན་ཐོ་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།