དབུ་ཤོག>ཆེད་སྒྲིག
  • བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས“སྔོན་སྐྱོད་ལན་གྱི་རྗེས་ཤུལ་འཚོལ་བའི”བཅར་འདྲིའི་བྱེད་སྒོ་ཆེ་མོ་སྤེལ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2021-06-07

    བྱ་སྤྱོད་ངོ་མའི་ཐོག་ནས་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་ལེགས་སྐྱེས་འབུལ་ཆེད། ཚེས་5ཉིན་གྱི་སྔ་དྲོར། བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི“ལོ་བརྒྱའི་འབད་འཐབ་ལམ། རྒྱང་སྐྱོད་གསར་པ་ཚུགས། སྔོན་སྐྱོད་ལན་གྱི་རྗེས་ཤུལ་འཚོལ་བའི”བརྗོད་དོན་གཙོ་བོའི་བྱེད་སྒོ་ཆེ་མོ་སྤེལ་འགོ་ཚུགས་པ་རེད།

    ད་རེས་ཀྱི་བརྗོད་དོན་གཙོ་བོའི་བཅར་འདྲིའི་བྱེད་སྒོ་ཆེ་མོ་དེ་ནི་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་དང་མངའ་རིས་ས་ཨུད་དྲིལ་བསྒྲགས་པུས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། དེའང་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱི་སྟོབས་ཤུགས་ཆེ་བའི་བཅར་འདྲི་རྩོམ་སྒྲིག་དང་སྨྱན་སྦྱོར་སྣེ་འཛོམས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་སྨྱན་སྦྱོར་ཀུན་འདུས་ཀྱི་གནས་ཚུལ་གཏོང་སྤེལ་ཚོགས་ཆུང་གིས་སྔོན་སྐྱོད་ལན་གྱི་ལམ་བུར་བསྐྱར་དུ་སྐྱོད་པའི་བྱེད་སྟངས་བརྒྱུད་སྔོན་སྐྱོད་ལན་བོད་ལ་སྐྱོད་པའི་ལམ་བུའི་ཐོག་གི་དཔའ་བོའི་མཛད་རྗེས་གསེད་བཀྲོལ་བྱས་ཏེ་དཔེ་མཚོན་གྱི་ས་གནས་དང་། དཔེ་མཚོན་མཛད་རྗེས། དཔའ་བོའི་རྗེས་རབས་པ་སོགས་བཅར་འདྲི་བྱ་ཡུལ་40བདམས་ཤིང་། གསར་འགོད་པས་ས་གནས་ས་ཐོག་ཏུ་བཅར་འདྲི་དང་གསར་འགྱུར་གྱི་དྲན་ཐོ་འཚོལ་བ་སོགས་ཀྱི་རྣམ་པ་སྤྱད་དེ། ལོ་ངོ་70གོང་གི་མེས་རྒྱལ་གྱི་མཐའ་མཚམས་སུ་མི་སེམས་རབ་ཏུ་འགུལ་བའི་དཔའ་བོའི་མཛད་རྗེས་བཙལ་འཚོལ་གྱིས་དཔའ་བོའི་ས་གཞིར་གྲགས་པའི་མངའ་རིས་ཀྱི་ལོ་ངོ་70རིང་གི་འཕོ་འགྱུར་ཆེན་པོ་མཚོན་པ་དང་། བོད་འཕེལ་རྒྱས་དང་ཡར་རྒྱས་བྱུང་བའི་འོད་སྟོང་འཕྲོ་བའི་བརྒྱུད་རིམ་གསོན་ཉམས་དོད་པོས་མངོན་པར་བྱ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།