དབུ་ཤོག>ཆེད་སྒྲིག
  • བོད་ཀྱི་ཕྱག་རྟགས་དཔེ་སྐྲུན་དངོས་པོ་སྣ་ཚོགས་གཅིག་རྗེས་གཉིས་མཐུད་དུ་བཏོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-06-07

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་ལོ་ཡིན་ཞིང་། 《གངས་ལྗོངས་ཀྱི་རྩ་ཆེའི་ཡིག་ཚགས——དམག་མི་རྒན་གྲས་22ཀྱི་བོད་སྐྱོད་དྲན་འཆར》དང་། 《མཐའ་མཚམས་ནས་རྒྱལ་ཁབ་དང་ཁྱིམ་ཚང་ལ་བཅངས་པའི་བརྩེ་སེམས——ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཀྲུང་གོའི་མི་འབོར་ཉུང་ཤོས་ཀྱི་ཤང་བོད་ལྗོངས་ཡུལ་སྨད་ལ་བཅངས་པའི་བརྩེ་སེམས》 《ལོ་ཟླའི་འཇའ་ཚོན》 《གཏམ་བརྗོད་ཟློས་གར་སྤུས་ལེགས·སྐྱེ་མི་ཆོག་པའི་མི》 《གཏམ་བརྗོད་ཟློས་གར་སྤུས་ལེགས·བར་སྐོར་སྒོ་རྭ་བྱང》སོགས་བརྗོད་དོན་གཙོ་བོའི་ཕྱག་རྟགས་དཔེ་སྐྲུན་དངོས་པོ་རིགས་16བཏོན་ཡོད། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་ལྗོངས་ནང་ཁུལ་གྱི་དཔེ་སྐྲུན་ཁང་ཁག་དང་མཉམ་དུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་བརྗོད་དོན་གཙོ་བོའི་ཕྱག་རྟགས་དཔེ་སྐྲུན་བྱེད་སྒོ་རིམ་པ་བཞིན་སྤེལ་བ་རེད།

    ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་བརྗོད་དོན་གཙོ་བོར་དམིགས་ཏེ་ལྗོངས་ཡོངས་ཀྱིས་ས་ཁོངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་། ཞིབ་འཇུག་གྲུབ་འབྲས་ཁག་གཅིག་ཏུ་བསྡུས་པ། ལྗོངས་ཡོངས་ཀྱི་མི་དམངས་ཀྱི་འབད་འབུངས་ལོ་རྒྱུས་བཀོད་པ་བཅས་བརྒྱུད། ཏང་འཛུགས་སྐྱོང་གི་རིགས་པའི་གཞུང་ལུགས་ཀྱི་ཞིབ་འཇུག་གསར་གཏོད་གྲུབ་འབྲས་ཀྱི་དཔེ་ཚོགས་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དཔེ་ཚོགས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྲུབ་འབྲས་ཀྱི་དཔེ་ཚོགས། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་དཔེ་ཚོགས། སྤྱི་ཚོགས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དཔེ་ཚོགས། རིག་གཞུང་སྒྱུ་རྩལ་གསར་གཏོད་གྲུབ་འབྲས་ཀྱི་དཔེ་ཚོགས་བཅས་རིགས་ཆེན་པོ་དྲུག་གི་བརྗོད་དོན་གཙོ་བོའི་ཕྱག་རྟགས་དཔེ་སྐྲུན་རྣམ་གྲངས་གལ་ཆེན་50གྲུབ་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།