དབུ་ཤོག>ཆེད་སྒྲིག
  • ལྷོ་འདུལ་བྱང་འཐབ་དམག་འཁྲུག་ནང་རྒྱལ་ཁབ་དོན་དུ་རང་སྲོག་ཤོར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཀུང་ཅིན་ཤིང་དང་པི་ཅིང་ཅིན།   |     སྤེལ་དུས།  2021-06-07

    360截图20210606094655182.jpg

    འདི་ནི་ཕེང་ཞུའེ་ཧྥུང་གི་འདྲ་པར་ཡིན་པ། (དཔྱད་གཞིའི་པར་རིས)

    ཕེང་ཞུའེ་ཧྥུང་ནི་1907ལོར་ཧོ་ནན་ཞིང་ཆེན་ཀྲེན་ཕིང་རྫོང་དུ་འཁྲུངས། གསར་བརྗེ་ཆེ་མོའི་སྐབས་སུ་ཕེང་ཞུའེ་ཧྥུང་ལ་ཏང་གི་བག་ཆགས་དང་སློབ་གསོའི་འོག་མར་ལེ་རིང་ལུགས་དང་ལེན་བྱས་ནས“རང་སྲོག་འབེན་ལ་བཙུགས་ནས་གསར་བརྗེའི་ལོ་ངོ་ཉི་ཤུར་གཞོལ་བའི”འོད་སྟོང་འབར་བའི་འཐབ་རྩོད་ཀྱི་ལམ་བུར་སྐྱོད་འགོ་ཚུགས།

    1932ལོའི་ཟླ་9པར། དམར་དམག་དཔུང་ཚོགས་གསུམ་པའི་ཧྲི་ཀྲང་ཀོའོ་པིང་ཧྲེང་གིས་མངའ་འོག་ཐོན་ཤོག་ལྔ་པ་བཙན་ཁྲིད་ཀྱིས་ངོ་ལོག་མགོ་བཏགས་ཞུ་རྩིས་བྱས། སྐབས་དེ་དུས་ཧྲི་ཤོག་དེའི་ཆབ་སྲིད་ཨུ་ཡོན་གྱི་འགན་འཁུར་བཞིན་པའི་ཕེང་ཞུའེ་ཧྥུང་གིས་དྲག་ཆས་ཁ་ཤས་འཁྲིད་དེ་ཉིན་ལྔ་རྗེས་འདེད་བཏང་ནས་བཀོད་འཐབ་པ་ཚང་མ་ཚུར་འཁྲིད་དེ་གཙོ་ཤུགས་དམག་དང་མཉམ་འཛོམས་བྱས་པས“སྐར་དམར་གཟེངས་རྟགས”ཐོབ་པ་རེད།

    1936ལོའི་ཟླ་9པར། མའོ་ཙེ་ཏུང་སྐུ་ངོ་མས་ཕེང་ཞུའེ་ཧྥུང“དམིགས་བསལ་ཕོ་ཉར”བསྐོ་རྒྱུའི་མིང་འདོན་གནང་སྟེ་ཀྲུང་གོ་ཕྱེད་ཙམ་དུ་བསྐྱོད་ནས་གུང་ཁྲན་ཏང་དང་གོ་མིན་ཏང་གི་མཉམ་ལས་ལ་སྐུལ་བ་དང“ཅང་ཅེ་ཧྲེས་རི་འགོག་བྱ་རྒྱུར་བཙན་སྐུལ”གནང་། 1936ལོའི་ཟླ་11པར། ཁོང་ལ་མའོ་ཙེ་ཏུང་གི་མངགས་བཅོལ་ཟབ་མོ་ཐེངས་གཉིས་པ་འབྱོར་ནས་གཡན་ཤིས་ཧྲན་དང་གྲོས་མོལ་བྱས་ཏེ་མཉམ་འབྲེལ་རི་འགོག་གི་ཟོལ་མེད་རེ་འདུན་མཚོན་པར་གནང་།

    ཤིས་ཨན་དུས་འགྱུར་ལངས་རྗེས། ཕེང་ཞུའེ་ཧྥུང་གིས་བབ་བརླིང་བརྟན་གསུམ་གྱི་སྒོ་ནས་གཡན་ཤིས་ཧྲན་ལ་ཀྲུང་གུང་ཀྲུང་དབྱང་དང་མའོ་ཙེ་ཏུང་གི་རི་འགོག་དགོངས་ཚུལ་བརྒྱུད་ཞུ་གནང་སྟེ་ཁོ་པའི་ལངས་ཕྱོགས་ངོ་རྒོལ་ནས་གཟུར་གནས་ལ་ལོག་པ་དང་གཟུར་གནས་ནས“མཉམ་དུ་ཁྱོན་ཡོངས་སྲུང་བའི”བར་བསྒྱུར་རྒྱུར་སྐུལ་ནས་ཤིས་ཨན་དུས་འགྱུར་ཞི་བས་འདུམས་པ་དང་། གོ་མིན་ཏང་དང་གུང་ཁྲན་ཏང་དང་དེ་བཞིན་སྟོབས་ཤུགས་ཁག་གིས་མཉམ་འབྲེལ་ཐོག་རི་འགོག་ལ་ལེགས་སྐྱེས་གཟེངས་སུ་ཐོན་པ་ཕུལ་ཡོད།

    1938ལོའི་ཟླ་དང་པོའི་ཟླ་སྨད་དུ། ཕེང་ཞུའེ་ཧྥུང་གིས་སླར་ཡང་མའོ་ཙེ་ཏུང་གིས་དཀྲིས་པའི“ཧོ་ནན་ནུབ་རྒྱུད་དགྲ་བོའི་རྒྱབ་ཕྱོགས་སུ་ངེས་མེད་རྒོལ་རྡུང་དམག་རྒྱག་དགོས་པའི”ལས་འགན་ཕྲག་ཏུ་འཁུར་ནས་ཀྲུང་ཡོན་ས་ཁུལ་གྱི་དགྲ་འགོག་དམག་འཐབ་ལ་འཐབ་ཇུས་འདིང་བའི་འཐབ་ས་དང་པོར་བསྐྱོད། 1938ལོའི་ཟླ་2པར། ཧོ་ནན་དང་། ཨན་ཧུའེ། ཅང་སུའུ་མཐའ་མཚམས་དགྲ་བོའི་རྒྱབ་ཕྱོགས་ཀྱི་རི་འགོག་གནས་གཞིའི་ཁུལ་གཏོད་པའི་ཐབས་ཇུས་བཏིང་བ་བརྒྱུད། ཕེང་ཞུའེ་ཧྥུང་གིས་དཔུང་སྡེའི་སྣེ་འཁྲིད་དེ་དགྲ་བོའི་རྒྱབ་ཕྱོགས་སུ་དཔུང་འཇུག་བྱས་པར་རྒྱལ་ཁ་ཡང་སེ་ཐོབ་ཡོད། 1944ལོའི་ཟླ་9ཚེས་11ཉིན། ཕེང་ཞུའེ་ཧྥུང་གིས་ཧོ་ནན་ཤ་དབྱི་པ་ལི་ཀྲོང་དམག་འཁྲུག་ལ་བཀོད་འདོམས་གནང་སྐབས་མདེའུ་ཕོག་ནས་དཔའ་ཉམས་ཆེན་པོས་རང་སྲོག་ཤོར་བ་དང་། སྐབས་དེ་དུས་དགུང་ལོ་37རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།