དབུ་ཤོག>ཆེད་སྒྲིག
  • 11 ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ བཅུ་གཅིག་པའི་ངོ་སྤྲོད་མདོར་བསྡུས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2021-06-07

    1977ལོའི་ཟླ་8ཚེས་12ནས་18ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་ཆེན་ལ་ཕེབས་དགོས་པའི་འཐུས་མི་1510ཡོད་པ་དང་ལིའུ་པའོ་ཁྲེང་སོགས་བློ་མཐུན་8ནད་གཞི་དང་ལས་དོན་གྱིས་རྐྱེན་པས་དགོངས་པ་ཞུས་ནས་གྲ་སྒྲིག་ཚོགས་འདུར་ཞུགས་མ་ཐུབ་པ་ཕུད། ཚོགས་འདུར་དངོས་སུ་ཞུགས་མཁན་འཐུས་མི་1502ཡོད། རྒྱལ་ཡོངས་ཀྱི་ཏང་ཡོན་ཁྲི་3500ལྷག་ཙམ་གྱི་ཚབ་ཞུས་ནས་ཧྭ་གོ་ཧྥུང་གིས་ཆབ་སྲིད་སྙན་སྒྲོན་གནང་བ་དང་། ཡེ་ཅན་དབྱིང་གིས《ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་སྙན་སྒྲོན》གནང་བ། ཏེང་ཞའོ་ཕིང་གིས་མཇུག་སྒྲིལ་ཚོགས་འདུའི་གསུང་བཤད་གནང་བ། ཚོགས་ཆེན་ཐོག་ལོ་ངོ་10རིང་གི“རིག་གནས་གསར་བརྗེ་ཆེན་པོ”མཇུག་འགྲིལ་བ་ཁྱབ་བསྒྲགས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་སྐྲུན་པའི་ལས་འགན་བསྐྱར་བསྒྲགས་བྱས་ཡོད། འོན་ཀྱང་། “རིག་གནས་གསར་བརྗེ་ཆེན་པོའི”“གཡོན”ལྷུང་གི་ནོར་འཁྲུལ་གྱི་རིགས་པའི་གཞུང་ལུགས་དང་། ཆབ་སྲིད་དང་འབོད་ཚིག་ཡོ་བསྲང་ཐུབ་མེད། ཚོགས་ཆེན་ཐོག་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》དང་། 《ཆབ་སྲིད་སྙན་སྒྲོན་སྐོར་གྱི་གྲོས་ཆོད》 《ཏང་གི་སྒྲིག་ཡིག་བཟོ་བཅོས་རྒྱག་རྒྱུའི་སྙན་སྒྲོན་སྐོར་གྱི་གྲོས་ཆོད》བཅས་ལ་གྲོས་འཆམ་བྱུང་ཡོད། ཚོགས་ཆེན་ཐོག་ཨུ་ཡོན་201དང་རྗེས་སྣོན་ཨུ་ཡོན་132ལས་གྲུབ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་བདམས་པ་རེད། དེ་རྗེས་འཚོགས་པའི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཀྲུང་དབྱང་ཆབ་སྲིད་ཅུས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་བདམས་པ་དང་། ཧྭ་གོ་ཧྥུང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་དང་། ཡེ་ཅན་དབྱིང་དང་། ཏེང་ཞའོ་ཕིང་། ལི་ཤན་ཉན། དབང་ཏུང་ཤིང་བཅས་ཀྲུའུ་ཞི་གཞོན་པར་བདམས་པ་རེད།

    (མུ་མཐུད་འགོད་རྒྱུ)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།